རྒྱ་ཆེའི་བོད་རིགས་རྒན་གཞོན་བར་གསུམ་ལ་ཞུ་རྒྱུར།

༅༅། །གསར་དུ་སྒོ་འབྱེད་བྱས་པའི་ལན་འདེབས་དྲ་ངོས་འདི་ནི་རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང། བཙན་བྱོལ་བོད་གཞུང་གི་འདས་མ་ད་གསུམ་གྱི་དོན་དངོས་ལ་འཁྱོག་བཤད་དང། རྫུན་སྒྲིག་བྱས་པ་དག་ལ་བདེན་པས་གསལ་བཤད་བྱེད་རྒྱུ་དབུས་སུ་འཇོག་རྒྱུར་ཆེད་བཟོ་བྱས་པ་ཞིག་ཡིན། རྒྱ་གཞུང་གི་སྲིད་དོན་རྩེད་མོའི་རྣམ་འགྱུར་ལ་མཁྱེན་ལྡན་རྣམས་རྒྱུས་མངའ་ཡོད་ཁར། དེའི་རྫུན་སྒྲིག་ལ་ལན་འདེབས་བྱས་ཀྱང་གོ་བརྡ་འཕྲོད་པའི་རྣམ་འགྱུར་ཙམ་ཡང་ཕྱིར་བཏོན་བྱེད་རྒྱུ་དཀའ་བར་བཞེད་ནའང། གནས་ཚུལ་དངོས་གནས་མ་རྟོགས་པའི་བོད་རིགས་རྣམས་དང་བོད་ཀྱི་གྲོགས་པོ་ཚོ་ལ་དྲ་ངོས་འདི་བརྒྱུད་བཙན་བྱོལ་བོད་གཞུང་གི་དྲང་བདེན། ཕྱི་གསལ་ནང་གསལ་གྱི་སྲིད་བྱུས་རྣམས་ཤེས་རྟོགས་འབྱུང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
འདས་པའི་ཉམས་མྱོང་ལྟར། ༧གོང་ས་མཆོག་དང་རང་གཞུང་ལ་རྒྱ་ནག་གཞུང་ནས་སྐུར་འདེབས་ཁྱད་གསོད་བྱས་པར་བོད་མི་ཆེ་ཕྲ་ཚང་མར་ཐུགས་ཕམ་ཚད་མེད་བྱུང་བ་ལྟར། དྲ་ངོས་འདི་བརྒྱུད་ནས་བོད་རིགས་ཚང་མས་རྒྱ་ནག་གཞུང་གི་རྫུན་མཐིལ་བརྟོལ་ཏེ་ཐུགས་ཕམ་རྣམས་དྲང་པོའི་གསལ་བཤད་ཀྱིས་གསོ་ཐུབ་པ་ཞིག་ཡོང་རྒྱུར་མཉམ་རུབ་གནང་སྐྱོང་ཡོང་བ་དང་། བོད་རིགས་སུ་གཏོགས་ཚད་ཚང་མས་རང་ཉིད་ཀྱི་ཡིད་སེམས་དཀྲུག་གཞིའི་རྒྱ་གཞུང་གི་སྐྱོན་བརྗོད་དང། རྫུན་སྒྲིག་མཐོང་ཐོས་སུ་གྱུར་བ་རྣམས་འདི་ག་ལན་འདེབས་ཚོགས་ཆུང་དུ་མཁོ་སྤྲོད་བྱེད་པའམ། དངོས་དོན་ཤེས་ཐབས་ཀྱི་ཐབས་ལམ་བསྟེན་ཏེ་མཉམ་རུབ་ཀྱིས་སྨྱུག་ཁ་རྫུན་བཟོ་ལ་གཏོད་ཐུབ་པ་ཞིག་འབྱུང་རྒྱུའི་རེ་བ་དང། དྲ་རྒྱའི་ཞལ་བྱང་ནི་http://response.tibet.net བརྒྱུད་ནས་གཟིགས་ཐུབ་ཀྱི་ཡོད་པ་བཅས།།
དྲ་ངོས་རྩོམ་སྒྲིག་པའམ། ལན་འདེབས་ཚོགས་ཆུང་གི་རྒྱུན་ལས། ལྕག་ལོ་ཚང་བློ་བཟང་ཆོས་འབྱོར་གྱིས།
འབྲེལ་བ་གནང་ཡུལ། ཨིས་མལ། gangjenpa888@yahoo.co.in/  loveyoutibet@gmail.com/
ལག་ཁྱེར་ཁ་པར་ཨང། -91-9882533773

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སམས་རགས།