༄༅།།སུད་སིར་ས་གནས་འཛུ་རིག་ཏུ་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་བགྲོ་གླེང་གནང་པ།

ཟླ་བ་ ༢ ཚེས་ ༢༦ ཉིན་ཞོགས་པ་ཚོུད་ ༡༠ ཐོག་ས་གནས་འཛུ་རིག་ཏུ་མི་མང་འདུ་འཛོམས་ཆེན་པོའི་ཐོག་བཙན་བྱོལ་བོད་གཞུང་གི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་བགྲོ་གླེང་ཞིག་གནང་ཡོད་པ་རེད། ཐོག་མར་མི་མང་ཚོགས་གཙོ་མཆོག་ནས་གསལ་བཤད་གནང་དོན་ལྟར་འོས་མིར་ཞུགས་པས་བཀའ་ཟུར་བཀྲིས་དབང་འདུས་ལགས་དང་་དེ་བཞིན་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ལའང་མགྲོན་ཤོག་ཕུལ་ཀྱང་ད་ལེན་དུས་ཚེས་སྟབས་མི་བདེ་བའི་རྐྱེན་ཕེབས་མི་ཐུབ་པའི་སྐོར་དང་ ད་རིང་མཁས་དབང་བློ་བཟང་སེང་གེ་ལགས་མགྲོན་འབོད་ཞུས་པ་ལྟར་ཕེབས་ཐུབ་པར་དགའ་བསུ་ཞུས་ནས་གོ་སྒྲིག་ཚོགས་ཆུང་ནས་གོ་སྒྲིག་ཞུས་པས་དྲི་བ་ཁག་ཕུལ་རྗེས་མི་མང་ནས་དྲི་བ་གནང་མཁན་ཧ་ལས་པ་མང་པོ་བྱུང་ཡོད། ད་ལེན་མང་ཚོགས་ནས་ཐུགས་སྣང་ཆེན་པོའི་ཐོག་བགྲོ་གླེང་དུ་ཕེབས་ཡོད་པ་ནང་ནས་གཞོན་སྐྱེས་ཁག་མང་པོ་ཡང་མཉམ་ཞུགས་གནང་ཡོད། མི་མང་གི་ཚོགས་གཞོན་ནས་ད་ལེན་མཁས་དབང་བློ་བཟང་སེང་གེ་ལགས་ནས་མང་ཚོགས་ཀྱི་བཅའ་འདྲི་གནང་པར་བཀའ་ལན་ཁ་གསལ་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་ཕྱི་ཟླ་༣་ཚེས་༢༠ ཉིན་འོས་ཤོག་འཕེན་པར་མི་མང་གང་མང་མཉམ་ཞུགས་གནང་རྒྱུ་གལ་ཆེ་ཡིན་པའི་སྐོར་གསུང་། མི་མང་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཕྱག་རྟགས་བཅས་ཕུལ་ནས་ཉིན་རྒྱབ་ཚོད་ ༡་༣༠ ཡོལ་ཙམ་ལ་མཇུག་སྒྲིལ་གནང་ཡོད་པ་རེད། དྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སམས་རགས།