༄༅ ། སུད་སི་ས་གནས་ཕོལ་ཀསི་ཝིལ་བོད་རིགས་མི་མང་ཚོགས་ཆུང་གིས་ལོ་ལྟར་བཞིན་ལོ་གསར་ལྷན་འཛོམས་དང་མཆོད་འབུལ་ཞུས་པ།

༄༅ ། བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་མཆུ་ཟླ་བའི་ཚེས་༧ ཕྱི་ལོ་༢༠༡༡ ཕྱི་ཟླ་ ༣ ཚེས་ ༡༢ ཉིན་འདི་ག་ཚོགས་ཆུང་གིས་ལོ་ལྟར་བཞིན་ལོ་གསར་ལྷན་འཛོམས་ཐོག གཙོ་ཆེར་༸སྤྱི་ནོར་༸གོངས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་སྐྱེ་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་། མཛད་འཕྲིན་ཕྱོགས་མཐར་རྒྱས་པ་དང་། རྒྱལ་གཅེས་ལྷག་བསམ་ཅན་སྲས་སྐུ་དམ་པ་འཇིགས་མེད་ནོར་བུ་ལགས་ཀྱི་འདས་མཆོད་སྨོན་ལམ་། དེ་བཞིན་ཉེ་ཆར་ཉི་ཧོང་དུ་ས་ཡོམ་ཆུ་རླབས་ཀྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་པའི་མཚོན་། མར་གྱུར་སེམས་ཅན་ཚེ་ལས་འདས་ཚད་རྣམས་ཀྱིས་བྱས་བསགས་སྡིག་ལྟུང་དག་ཅིང་། དལ་རྟེན་རིམ་བརྒྱུད་ཀྱིས་རྣམ་མཁྱེན་རྒྱལ་བའི་གོ་འཕང་བདེ་བླག་ཏུ་འཐོབ་པ་བཅས་ཀྱི་ཆེད་དུ་མིགས་ཏེ། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་དང་། འཇོ་སྟེན་ཚང་ཆོས་མཛད་སྐུ་ཞབས་བསྟན་འཛིན་ལགས་རྣམས་གཉིས་གདན་ཞུས་ཐོག ཚོགས་ཆུང་གི་མང་ཚོགས་དང་ལས་བྱེད་བཅས་ཀྱིས་ཆུ་ཚོད་གཉིས་ལྷག་རིང་། རྒྱལ་བའི་ཞབས་བརྟན་སོགས་སྨིན་སྒྲུབ་དང་།
རིས་མེད་ཀྱི་སྨོན་ལམ་ཁག་གསུངས་ཏེ་རྣམ་དཀར་དགེ་སྦྱོར་འཕེལ་ངེས་བྱུང་བ་མ་ཟད་། ལོ་གསར་གྱི་སྡེར་ཁ་དང་ཚོགས་ཁང་གི་ཞབས་གླ། དགོང་དྲོའི་ཞལ་ལག་བཅས་ཁྱིམ་ཚང་སྒེར་ནས་སྦྱིན་བདག་གནང་སྟེ་གྲ་རྒྱས་པ་འཐུས་ཚང་བྱུང་བ་བཅས་ཀྱི་གནས་བསྡུས་སུ། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སམས་རགས།