ས་གནས་གྷེ་ལ་རུ་སི་བོད་ མི་ཁྱིམ་ཚང་མཐུན་བསྒྲིལ་ནས་ལོ་གསར་རྟེན་འབྲེལ་མཛད་སྒོ་གནང་བ།

ས་གནས་གྷེ་ལ་རུ་སི་བོད་མི་ཁྱིམ་ཚང་མཐུན་བསྒྲིལ་ནས་ས་གནས་རུ་ཏི་(གྷེ་ལ་རུ་སི)ཚོགས་ཁང་ནང་གངས་ལྗོངས་རབ་གནས་ལྕགས་ཡོས་གནམ་ལོ་གསར་དུས་བཞེད་པའི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཞིག་གནང་བ་དང་། ཚེས་ ༣ ཉིན་ལིན་ཐལ་ཐང་ཆུང་དུ་དར་ཤིང་ཐོག་དར་ཅོག་གསར་པ་བསྒྲོན་ནས་བསང་གསོལ་རྒྱས་པར་གནང་རྗེས་་སྟག་རྩེ་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་མཆོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས་རྐྱེན་འདས་གྱུར་བར་མྱ་ངན་གུས་བཏུད་དང་མཎི་ཕྲེང་སྐོར་བཅུ་གསོག་བསྒྲུབས་གནང་བ་དང་། དེའི་རྗེས་ལྷ་རྒྱལ་ལོ་སྒྲོག་ནས་བར་སྣང་དུ་རྩམ་པ་བཏོར་ནས་སྤྲིན་མཁྲིག་པ་འདྲ་བ་བྱུང་རྗེས་གོར་གཞས་སྟོད་གཞས་དང་ཁམས་གཞས་དང་མངའ་རིས་གཞས་སྣ་ཚོགས་པ་འཁྲབ་ནས་མཐའ་མར་ཁྱོ་བཟའ་དང་གཞོན་སྐྱེས་རྣམས་དགའ་དགའ་ངང་མཛད་སྒོ་གྲོལ་བ་དང་། དེའི་རྗེས་ཁྱིམ་ཚང་རེ་རེ་ནང་ཕྱེ་མར་དང་ཆང་ཕུད་སྐོར་བསྐྱོད་ཀྱིས་ཁ་ཤས་ནི་ཁྱིམ་ཚང་དང་པོའི་ནང་ཆང་ཞབ་རྐྱེན་གྱི་ར་འདམ་པ་བཟི་ནས་ཁྱིམ་ཚང་གཞན་དུ་བསྐྱོད་མ་ཐུབ་པ་ཡང་བྱུང་འདུག་པའི་གནས་ཚུལ། ། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སམས་རགས།