སུད་སི་རྒྱལ་ས་བྷན་དུ་བོད་ནང་ཞི་བའི་སྒེར་ལངས་བྱས་ནས་མི་ལོ་ ༥༢ འཁོར་བའི་དུས་དྲན་བསྲུང་བརྩི་གཟབ་རྒྱས་ངང་ཞུས་པ།

ཐོག་མར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་དང་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བ་བཅས་མི་མང་༥༠༠ ལྷག་སུད་སི་རྒྱལ་སའི་སྦེན་ཨུན་ཏ་རན་བའེ་སན་ཧའོ་སི་ཞེས་པའི་ས་གནས་སུ་འདུ་འཛོམས་གནང་པ་དང་ཕྱག་ཚོད་གཅིག་གི་རྗེས་སུ་གོམ་བགྲོད་དབུ་འཛུགས་གནང་ཡོད་པ་རེད། ཧེལ་ཝེ་ཚི་ཡ་པ་ལ་ཚི་ཞེས་པར་འདུ་འཛོམས་གནང་ནས་མི་མང་ཟློས་གར་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏོང་གནང་པ་དང་། སྐུ་ཚབ་དོན་ཁང་གི་ཟླ་བ་རྒྱ་མཚོ་ལགས་ནས་༸གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་ཐེངས་ང་གཉིས་པའི་གསུང་འཕྲིན་མི་མང་ལ་ལྗགས་ཀློག་གནང་གནང་ཡོད། སུད་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་ཚོགས་མི་སྐུ་སྐྱེ་མ་ཁཱ་རིན་རུག་ལགས་དང་ ཡོ་རོབ་བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་མིག་དམར་བརྡ་སྐྱེལ་ལགས་ བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པདྨ་ལམ་གྲགས་ལགས་ ནས་གསུང་བཤད་གནང་པས་རྗེས་མི་མང་ཟློས་གར་ནས་སུམ་ཅུའི་དྲན་གླུ་གཏང་གནང་ཡོད་པ་རེད། བཞུགས་སྒར་རྡ་སར་བརྟན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ལས་རོགས་སྐུ་ཞབས་བྱམས་པ་སྨོན་ལམ་ལགས་ སུད་སི་གྲོས་ཚོགས་མི་སྐུ་སྐྱེ་མ་ Mrs Maya ལགས་ རྒྱ་ནག་མང་གཙོ་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་འཇར་མན་ནི་ནང་བརྟན་གཞི་བྱས་པའི་རྒྱ་རིགས་སློབ་ཕྲུག་དང་མཁས་དབང་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧྤང་ཞའོ་མིང་ལགས་ ནང་སོག་མི་མང་ཚོགས་པ་ཞེས་པའི་ཚོགས་གཙོ་སྐུ་ཞབས་ཤིས་ཧའེ་མིང་ལགས་ སུད་སི་དང་ལེག་ཊེན་སྤྲཡན་བོད་རིགས་མི་མང་ཚོགས་གཙོ་མེ་མི་ཧོ་ཕར་པ་སངས་ལགས་ དེ་བཞིན་དུ་ ཡོ་རོབ་སྤྱི་འཐུས་སྨོན་མཁར་བསོད་ནམ་ལགས་བཅས་ནས་གསུང་བཤད་གནང་ཡོད་པ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ལ་སྙན་ཞུ་འབུལ་བར་མི་འཐུས་བཅུ་ཕེབས་པས་རིང་ གང་གཞོན་ཚང་རྣམ་རྒྱལ་ལགས་ཀྱིས་སྣེ་འཁྲིད་མང་ཚོགས་ནས་སྐད་འབོད་ཤུག་ཆེ་གནང་ཡོད་པ་དང་། དུས་ཡོན་ཕྱག་ཚོད་ ༣།༣༠་ཡོལ་ཙམ་ལ་སུད་སི་ ཉེན་རྟོག་པས་བར་ མཚམས་འཇོག་དགོས་པས་ཉན་བརྡ་གཏང་གནང་རྗེས་བར་མཚམས་གནང་དགོས་བྱུང་ནས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ལས་རིམ་མཇུག་གཙང་གནང་ཡོད་པ་རེད།
འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 5 སམས་རགས།