༄༎ བོད་རྒྱལ་ལོ་ ༢༡༣༨ བོད་ཟླ་དང་པོའི་ཚེས་ ༡ དང་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༥ རེ་གཟའ་སྤེན་པའི་ཉིན་ལྕགས་ཡོས་བོད་ལོ་གསར་ཚེས་ཀྱི་རྟེན་འབྲེལ་མཛད་སྒོ་རྒྱས་པ་གནང་པ།

༄༎ རི་ཀོན་ཆོས་འཁོར་དུ་ཞོགས་པ་ཕྱག་ཚོད་༩་༣༠ ཐོག་དབུ་བཞུགས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ་གསར་པ་སེར་སྨད་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་དང་དགེ་འདུན་རྣམ་པ་ ཕྱོགས་ཞུགས་བོད་མི་མང་སྤྱི་འཐུས་མཆོག་དང་སུད་སི་སྐུ་ཚབ་དོན་གཅོད་མཆོག་ སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་ ས་གནས་འཐུས་མི་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་དེ་བཞིན་ཕྱི་ནང་མི་མང་ལྷན་འཛོམས་ཀྱིས་༸སྐུ་ཕྱྭའི་ཞབས་རིམ་གསུངས་གདོན་ཞུས་པ་དང་གསོལ་ཇ་ཞལ་འབྲས་བཅས་ལེགས་འབུལ་ཟིན་རྗེས་ལོ་གསར་ཚེས་གཅིག་གི་སྔར་རྒྱུན་མཛད་སྒོ་ལེགས་སྒྲུབ་ཟིན་ཡོད་པ་རེད། འདྲཔར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སམས་རགས།