སྦ་སལ་ཚོགས་ཆུང་དང་སུད་བོད་མཐུན་གྲོགས་ཚོགས་པ་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༡༧ ནས་འགོ་འཛུགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བརྩི་སྲུང་དང་། དེ་བཞིན་བོད་དོན་དྲིལ་བསྒྲགས་བཅས་ཀྱི་ཆེད་སྦ་སལ་ས་གནས་བོད་རིགས་ཚོགས་ཆུང་དང་སུད་བོད་མཐུན་གྲོགས་ཚོགས་པ་གཉིས་མཉམ་འབྲེལ་ཐོག་སྦ་སལ་གྲོང་ཁྱེར་མར་ཀེ་ཏྲི་པེ་ལཛི་Marktplaz ས་གནས་སུ་མི་མང་ ༥༠ ལྷག་འདུ་འཛོམས་ཀྱི་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མཆོད་སྤྲིན་རྒྱས་བཤོམས་བཅས་བསྔོ་སྨོན་དང་། ༸རྒྱལ་བའི་ཞབས་བརྟན་གསོལ་འདེབས།  བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་བ་མ་ཟད། བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་གྲངས་ ༡༠༠༠ ལྷག་ས་ གནས་མང་ཚོགས་ལ་འགྲེམས་སྤེལ་བྱས་ཏེ་བོད་དོན་ངོ་སྤྲོད་གནང་བ་བཅས་ཀྱི་གནས་བསྡུས་སུ། ༢༠༡༣/༡༢/༡༠ ཉིན་ས་འཐུས་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།