སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་ལྔ་བ་ས་གནས་ཝུན་ཏར་ཐོར་དང་ས་གནས་ཕི་ལཱ་ཝིལ་སྤེལ་ནང་སྤེལ།

ཕྱི་ཚེས་༢༢ ཉིན་སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་ལྔ་བ་ས་གནས་ཝུན་ཏར་ཐོར་དང་། ས་གནས་ཝེལ་ནང་སྤེལ་འདུག་པ་དང་།ས་གནས་ཝུན་ཏར་ཐོར་གྱི་ལས་འགུལ་ནང་རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་དང་། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས། ས་གནས་མེད་ཚོགས་པའི་ཚོགས་སོགས་ཀྱིས་གཙོས་བོད་མི་སུམ་བཅུ་ཙམ་དང་ཕྱི་རྒྱལ་མི་སྣ་ཉི་ཤུ་ལྷགམཉམ་ཞུགས་གནང་ཡོད་འདུགཔ་དང་། ས་གནས་ཕི་ལཱ་ཝིལ་ནང་དུའང་བོད་མི་མང་པོ་ཞིག་དང་ཕྱི་རྒྱལ་མི་སྣ་སོགས་མཉམ་ཞུགས་གནང་ཡོད་འདུག

 

རི་ཁོན་ཚོགས་ཆུང་གི་འཐུས་མིའི་སྐུ་ཚབ་དགེ་ལེགས་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། ས་གནས་འདི་རི་ཁོན་ཚོགས་ཆུང་གི་ཁོངས་ཡིན་པ་ལྟར། དེ་རིང་རི་ཁོན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པ་དང་། ཞོགས་པར་གནམ་གཤིས་ཧ་ཅང་ཡག་པོ་ཡིན་སྟབས་ལས་འགུལ་ཡག་པོ་བྱུང་སོང་། རི་ཁོན་དགེ་འདུན་པ་རྣམས་ཀྱིས་ཞལ་འདོན་དང་། བསང་གསོལ་བཅས་གནང་ཡོད་པ་དང་། ཝུན་ཏར་ཐོར་ནང་གི་གསར་ཤོག་ཆེ་ཤོས་ནང་དེ་རིང་གི་གནས་ཚུལ་སྐོར་སུད་བོད་མཛའ་འབྲེལ་ཚོགས་གཙོ་Thomas ལགས་སུ་བཅར་འདྲི་གནང་ཡོད་པ་མ་ཟད། དེ་སྐོར་གསར་ཤོག་དེར་ཆེད་འགོད་གནང་རྒྱུ་ཡིན་འདུག བུད་མེད་ཚོགས་པའི་ངོས་ནས་ཞལ་ལག་བཙོང་བའི་གྲ་སྒྲིག་གནང་ཡོད་པ་མ་ཟད། ས་གནས་ཝུན་ཏར་ཐོར་གནས་བཞུགས་ཆུང་བདག་ལགས་དང་གུས་པ་ངེད་གཉིས་ནས་གསོལ་ཇ་རིན་མེད་ཐོག་ལས་འགུལ་མཉམ་ཞུགས་པ་རྣམས་ལ་ཕུལ་ཡོད། ཅེས་གསུངས།

 ཉིན་དེའི་ཉིན་རྒྱབ་ལ་ས་གནས་ཝེལ་ནང་ལས་འགུལ་དེ་བཞིན་སྤེལ་ཡོད་པ་དང་། ས་གནས་ཕི་ལཱ་ཝིལ་འཐུས་མི་བསྟན་རྒྱས་ལགས་སུ་དྲི་བ་ཞུས་དོན། དེ་རིང་གི་འགུལ་འདི་སུད་བོད་མཛའ་འབྲེལ་ཚོགས་པ་དང་མཉམ་འབྲེལ་ཐོག་ལས་འགུལ་སྤེལ་བ་བཞིན་པ་ལྟར་ལས་འགུལ་ཧ་ཅང་ཡག་པོ་བྱུང་སོང་། ལས་འགུལ་འདིར་དང་པོ་ས་གནས་ཁ་ཤས་ཤིག་མཉམ་འབྲེལ་ཐོག་གནང་འཆར་བྱས་ཀྱང་། གཞོན་སྐྱེས་ཚོ་ལས་ཀའི་དབང་གིས་ཡོང་མ་ཐུབ་པར་བརྟེན། དེ་རིང་འདིར་བོད་མི་རྒན་པ་ཚོས་གོ་སྒྲིག་གནང་བ་རེད། གོ་སྒྲིག་ཞུས་དོན་ལྟར་ཡག་པོ་བྱུང་སོང་། ཞེས་སོགས་གསུངས་སོང་། 

གསར་འགོད་པ། བཀྲིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སྡོམས་རོགས།