སྤྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་འཛམ་གླིང་རྒྱལ་སྤྱིའི་འཐུས་མི་བོད་ནང་གི་གནས་སྟངས་ལ་གཟིགས་སྐོར་ཕེབས་དགོས་པས་འབོད་སྐུལ་གྱི་ལས་འགུལ་འཐེང་གསུམ་པ།

སྤྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་ཨར་གྷོ་དང་སཱོ་ལོ་ཏོན་ས་གནས་ཚོགས་ཆུང་གཉིས་ཀྱིས་གོ་བསྒྲིགས་འོག་སུད་སི་དང་ལིག་ཀྲན་སི་ཏན་བོད་རིགས་མི་མང་གིས་དུས་ཡུན་ལོ་ངོ་གཉིས་རིང་ཆབ་སྲིད་ཀྱི་ལསའཆར་སྟེ་སུད་སི་གྲོང་ཁྱེར་ཇེ་ནི་བའི་རྒྱལ་ཚོགས་ཀྱི་ལས་ཁུང་མདུན་དུ་བོད་ནང་དངོས་ཐོག་བདེན་འཚོལ་གནང་མཁན་རྒྱལ་སྤྱིའི་ཚོགས་པ་ཞིག་གཏོང་རྒྱུར་འབོད་སྐུལ་ཞུ་ཆེད་ཟླ་རེར་ཚོགས་ཆུང་གཉིས་རེ་གོང་ཞུས་རྒྱལ་ཚོགས་ཀྱི་ལས་ཁུང་མདུན་དུ་བསྐྱོད་རྒྱུའི་ལས་གཞི་ཐེངས་གསུམ་པ་དེ་སྤེལ་ཡོད།  ལས་འགུལ་དེ་མནར་གཅོད་ཀྱི་བརྗོད་གཞིའི་འོག་ཞོགས་པའི་ཆུ་ཚོད་  ༡༡  ནས  ཉིན་རྒྱབ་ཆུ་ཚོད་  ༡༦  སྤེལ་ཡོད་ཅིང་དེར་ཁྱོན་བོད་རིགས་སྤུལ་ཟླ་  ༦༠  ཙམ་ངོ་ཕེབས་གནང་ཡོད།  ནམ་ཀུན་དང་མི་འདྲ་བར་དེ་ཉིན་རྒྱ་རིགས་ཡུལ་སྐོར་བ་མང་པོ་ཞིག་ས་གནས་དེར་འབྱོར་ཡོད་སྟབས་དོ་སྣང་ཡོད་པའི་རྒྱ་རིགས་འགར་བོད་ཀྱི་གནད་དོན་གསལ་བརྗོད་བྱ་རྒྱུའི་གོ་སྐབས་ཀྱང་ཐོབ་ཡོད།   དེ་ཙམ་དུ་མ་ཟད་ཉིན་དེར་མི་མང་ཚོགས་གཙོ་པ་སངས་ལགས་ཀྱིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུང་གཉིས་ལ་བོད་ཀྱི་དཀའ་ཁག་དང་འབྲེལ་བའི་ཞུ་སྐུལ་སྙན་ཞུ་གཉིས་ཕུལ་བ་དང་ས་གནས་མི་མང་དང་ཡུལ་སྐོར་བ་སོགས་ཀྱི་ཁྲོད་ནས་བོད་དོན་ལ་རྒྱབ་སྐྱོར་ཆེད་ཁྱོན་ས་ཡིག་  ༢༠༠  ཙམ་བསྡུ་ལེན་གནང་ཐུབ་པའི་གསར་གནས་སུ།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།