སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༩ ཉིན་སུད་སི་གྲོང་ཁྱེར་སྦ་སེལ་ནས་ནོར་ཝེ་ཕྱོགས་སུ་ཆིབས་ཞལ་ བསྒྱུར་གནང་མཛད།

ཕྱི་ཟླ་ ༢ ཚེས་ ༩ ཉིན་སྔ་དྲོའི་ཚོུད་༧/༤༥ ཐོག་བཞུགས་གནས་མགྲོན་ཁང་ནས་སྦ་སེལ་གནམ་ཐང་དུ་
ཕེབས་ཐོན་མཛད་སྐབས་མགྲོན་ཁང་གི་མདུན་ཐང་དུ་གནད་ཡོད་མི་སྣ་དང་དེ་བཞིན་ས་གནས་མི་མང་ཡོངས་ལ་ཞལ་མཇལ་གནང་བ་དང་མི་མང་རྣམས་ནས་དགའ་བའི་འཆི་མ་གཏོང་བཞིན་བཀྲ་ཤིས་བདེ་ལེགས་བཅས་པའི་གླུ་དབྱངས་ལེན་པ།དེ་བཞིན་མྱུར་མཇལ་ཡོང་བའི་སྨོན་འདུན་ཞུ་བ་ལ་སོགས་པའི་ཕེབས་སྐྱེལ་བཟབས་རྒྱས་ཞུས།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་།བོད་དོན་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་ཡིན།
བསྟན་འཛིན་སྙིང་པོའི།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།