སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༨ ཉིན་སུད་སི་གྲོང་ཁྱེར་སྦ་སེལ་གི་སེནཊ་ཡ་ཀོབ་ཚོགས་ཁང་ནང་ཉིན་གཉིས་པའི་ཆོས་འབྲེལ་གནང་བ།

ཕྱི་ཟླ་ ༢ ཚེས་ ༨ ཉིན་སྔ་དྲོའི་ཚོུད་ ༠༦།༡༥ ཐོག་བཞུགས་གནས་མགྲོན་ཁང་ནས་ཚོགས་ཁང་དུ་ཆིབས་བསྒྱུར་བཀའ་འདྲིན་བསྐྱངས།ཚོུད་༠༨།༠༠ཐོག་༧གོང་ས་མཆོག་ཞུགས་ཁྲི་མངའ་གསོལ་གནང་།བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་གསོལ་འདེབས་མཎྜལ་འདེགས་འབུལ་དང་མཉམ་དུ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཅུ་གསུམ་ནས་རིམ་བཞིན་མཇལ་ཞུ་གནང་རྗེས་༧གོང་ས་མཆོག་ནས་ཚོགས་ཞུགས་བསོད་ལྡན་སྐྱེ་བོ་ཡོང་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་འདྲིན་བསྐྱངས་གནང་མཛད།དེ་ནས་བཀའ་དབང་དངོས་གཞི་གྲུབ་བསྟུན་བོད་རིགས་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་བཀྲིན་གཏང་རག་མཎྜལ་འདེགས་འབུལ་ཞུ་བ་དང་མཉམ་འཕྲོས་ས་འཐུས་བཅུ་གསུམ་ནས་རིམ་བཞིན་མཇལ་བཅར་ཞུས།ཉིན་དགུང་ལྗགས་སྨིན་རྗེས་ཕྱི་ནང་གནས་ཡོད་མི་སྣ་ཁག་ཅིག་ལ་ཟུར་མཇལ་བཀྲིན་ཆེ་བསྐྱངས་གནང་། ༡༣/༣༠ ནས་ ༡༥/༣༠བར་ཕྱི་ནང་དད་ལྡན་མང་ཚོགས་ལ་འཇིག་རྟེན་སྤྱི་ཡོངས་ཀྱི་ཀུན་ཁྱབ་ལས་འགན་དང་བླང་དོར་ཀྱི་བཀའ་སློབ་བཀྲིན་བསྐྱངས་གནང་མཛད། ཚོུད་ ༡༦།༠༠ ཙམ་ལ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་དེ་བཞིན་ས་གནས་བོད་སློབ་སློབ་ཕྲུག་རྣམས་ནས་༧གོང་ས་མཆོག་ལ་བསྟོད་གླུ་ཕུལ། དེ་ནས་དམིགས་གསལ་བོད་མི་རྣམས་ཀྱི་ཆེད་བཀའ་སློབ་དང་དེ་བཞིན་ས་འཐུས་སྐབས་ ༡༥ དང ༡༦གསར་སྙིང་གཉིས་དང་དྭང་བླང་ཞབས་ཞུ་བ་རྣམས་བཅས་མཉམ་དུ་སྐུ་པར་སྒྲོན་གནང་བ་དང་སྦྲགས་དེ་རིང་གི་མཛད་རིམ་འདི་བཞིན་ཚོུད་ ༡༧།༣༠ ཙམ་ལ་མི་མང་རྣམས་ཚོགས་ཁང་གི་མདུན་ཐང་དུ་དགའ་དགའ་སྤྲོ་སྤྲོའི་ངང་ཞབས་བྲོ་དང་གླུ་གཞས་ཕུལ་བ་དང་ཆབས་ཅིག་བཞུགས་གནས་ཕོ་བྲང་ཕྱོགས་སུ་ཆིབས་ཞལ་བསྒྱུར་བ་བཅས་བོད་མི་རྣམས་ཀྱི་རྨིན་ལམ་དངོས་བྱུང་ལྟ་བུའི་དགའ་ཚོར་ཆེན་པོའི་ངང་འཇུག་སྒྲིལ་གནང་།
བསྟན་འཛིན་སྙིང་པོའི།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།