སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སུད་སིའི་སྦན་མི་མང་ནས་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།

༄།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སུད་སིའི་སྦན་མི་མང་ནས་གཟབ་རྒྱས་ངང་སྲུང་བརྩི་ཞུས་པ།    ༢༠༡༣ ལོའི་ཟླ་  ༧ ཚེས་  ༦ ཉིན་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་ཞི་བདེའི་དེད་དཔོན་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་དགུང་གྲངས་ ༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན། ཟླ་ ༧ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་འདི་ག་སྦརན་ས་གནས་འཐུས་མི་དང་རྒྱུན་ལས་རྣམས་ཀྱིས་གོ་སྒྲིག་འོག  སྦན་ས་གནས་  Köniz དུ་མི་མང་རྣམས་རྒྱས་འཛོམས་ཀྱིས་མཛད་སྒོ་དབུ་འཛུགས་དང་།  ཐོག་མར་སྦརན་གྱི་མཐུས་མི་དང་ཟློས་གར་ནས་དུང་རྒྱ་སྤོས་སྣེའི་བསུས་ཏེ་༧རྒྱ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་དང་།  མཛད་གཙོ་ཁག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ། དེ་རྗེས་བོད་བསྟན་སྲིད་མི་རིགས་ཆེད་རང་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་གྱི་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་དང་དེ་རྗེས་མི་མང་ཡོངས་ནས་༧རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་དང་དགའ་སྤྲོའི་ཇ་ཆང་དང་དགའ་བདེའི་དཔལ་ལ་རོལ་བཞིན་དུ་གཞས་སྣ་ཁག་གཟིགས་འབུལ་དང་མཛད་གཙོ་རྣམ་པས་གསུངས་བཤད་གནང་ནས་དུས་ཆེན་སྲུང་བརྩི་མཛད་སྒོ་ལེགས་པར་གྲུབ་ཡོད་པ་རེད་།།བློ་བཟང་རབ་རྒྱས་པས་ས་གནས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།