སོ་ལོ་ཐུརན་ས་གནས་བོད་རིགས་མི་མང་ས་གནས་ཚོགས་ཆུང་གིས་དང་བླང་དཔྱ་དངུལ་འབུལ་བསྡུ།

དེ་རིང་ཕྱི་ཟླ ༦ ཚེས་ ༡༦ ཉིན་སུད་སི་ས་གནས་སོ་ལོ་ཐུརན་བོད་རིགས་མི་མང་ས་གནས་ཚོགས་ཆུང་གི་ཟླ་རེའི་ནང་བོད་བསྟན་སྲིད་ཆེད་བསྔོ་སྨོན་མཆོད་འབུལ་གནང་བ་དང་སྟབས་བསྟུན། ས་གནས་མི་མང་གིས་ཕྱི་ལོ ༢༠༡༣ ལོའི་དང་བླང་དཔྱ་ཁྲལ་བསྡུ་འབུལ་གནང་ཡོད་འདུག 

སོ་ལོ་ཐུརན་ས་གནས་བོད་རིགས་མི་མང་ཚོགས་ཆུང་གི་འཐུས་མི་ཚྭ་བ་བསོད་ནམས་དར་རྒྱས་ལགས་ཀྱིས་མི་མང་ལ་གནས་ཚུལ་འགྲེལ་བརྗོད་དང་འབྲེལ་བའི་བཀའ་སློབ་གནང་དོན། ང་ཚོ་ས་གནས་ཚོགས་ཆུང་གི་མི་མང་མཉམ་འཛོམས་ཐོག་ཟླ་རེའི་ནང་བོད་བསྟན་སྲིད་ཆེད་ཞབས་རིམ་བྱས་དང་བྱེད་མུས་ཡོད་པར་མི་མང་ཚོས་དོ་སྣང་ཆེན་པོའི་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།  ང་ཚོའི་ཕྱི་ལོ་ ༢༠༡༣ ལོའི་དང་བླང་དཔྱ་ཁྲལ་བསྡུ་འབུལ་ཞུ་དགོས་གསལ་བསྒྲགས་སྔོན་ཚུད་ནས་ཞུས་ཟིན་པ་ལྟར། དེ་རིང་ས་གནས་མི་མང་རྣམས་ཀྱིས་དང་བླང་དཔྱ་ཁྲལ་འབུལ་རོགས་གནང་། དང་བླང་དཔྱ་དངུལ་འདི་ནི་ང་ཚོ་བོད་མི་ཡིན་མཁན་ཚང་མས་ངེས་པར་དུ་འབུལ་དགོས་པའི་ལས་འགན་རྩ་ཆེན་ཞིག་ཡིན། འདི་ནི་བོད་མི་ས་ཡ་དྲུག་གི་ཆེད་དང་བོད་བསྟན་སྲིད་ཆེད་མི་མང་ཚོས་འགན་ལེན་ཞུས་པའི་ཆ་རྐྱེན་དང་པོ་དེ་ཡིན། བོད་ཀྱི་གནས་བབ་ཛ་དྲག་ཆགས་ཀྱིན་པའི་གནས་སྐབས་འདིར་བོད་མི་ཚོས་སོ་སོའི་འགན་སྒྲུབ་ཐུབ་པ་བཟོ་དགོས། ད་ལྟའི་གནས་སྐབས་འདིར་ང་ཚོའི་མང་གཙོའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་མི་མང་གིས་རྒྱབ་སྐྱོར་གནང་དགོས་རྒྱུ་གལ་ཆེ་ཤོས་ཆགས་ཡོད་ཅིང་།   བཙན་བྱོལ་སྒྲིག་འཛུགས་ལ་དགའ་ཞེན་རྒྱབ་སྐྱོར་གནང་རྒྱུ་ནི་བོད་མི་ཚོའི་ལས་འགན་ཡིན།  འདི་ནི་ཧ་ཅང་གལ་ཆེ་ཡིན་གནས་ཞེས་སོགས་གསུངས། ས་གནས་སོ་ལོ་ཐུརན་ཁྱབ་ཁོངས་བོད་མི་རྒན་གཞོན་གྲངས་ ༡༣༠ ལྷག་ཡོད་ཅིང་། དང་བླངས་དཔྱ་ཁྲལ་འབུལ་བའི་ལོ་ཚད་ཟིན་པའི་མི་གྲངས། ༡༠༠ ལྷག་ཡོད། ཕྱི་ལོ་༢༠༡༢ ལོར་སོ་ལོ་ཐུརན་ས་གནས་ནང་མི་མང་གྲངས་༩༡ ཙམ་གྱི་དང་བླང་དཔྱ་དངུལ་ཕུལ་ཟིན་ཡོད་པ་དང་། ད་ལོ་དཔྱ་དངུལ་འབུལ་མཁན་གྱི་མི་གྲངས་སྔར་ལས་མང་དུ་འགྲོ་ངེས་པའི་ཚོད་དཔག་ཀྱང་གནང་གི་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།