སུད་སུ་རྒྱལ་ས་སྦན་དུ་གསུམ་བཅུ་དུས་དྲན་ཐེངས་༦༡ པ་སྲུང་བརྩི་་གནང་།

འཛམ་གླིང་གང་སར་ཏོག་དབྱིབས་ནད་དུག་༼coronavirus  COVID-19༽པ་དེ་ཁྱབ་སྟངས་དེ་ཧ་ཅང་གིས་ཆེས་ཛ་དྲག་གི་ཡིན་ཙང་། སུད་སུ་དང་ལིག་ཏིན་སིཏཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་སྤྱི་ལོ་༢༠༢༠ཟླ༠༣པའི་ཚེས༡༠ཉིན་ས་གནས་སྦན་སྲིད་གཞུང་གི་བཀོད་ཁྱབ་ལམ་སྟོན་ལྟར་བོད་མིའི་སྒེར་ལངས་ཐེངས་༦༡་པ་དེ་བཞིན་ས་གནས་སྦན་དུ་དམིགས་བསལ་གོ་སྒྲིག་བྱས།

ཉིན་གུང་ཆུ་ཚོད་༡༣།༠༠སྟེང་ས་གནས༼Helvetiaplatz,Bern༽དུ་བོད་དོན་རྒྱབ་སྐྱོར་པ་དང་ས་གནས་སྦན་དུ་གནས་བཞུགས་་བོད་མི་ཁག་ཅིག་བཅས་ནས་མཛད་རིམ་དབུ་འཛུགས་གནང་།
མཛད་རིམ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་མོ་རྣམ་ལ་མྱ་ངན་བྱས།
དེ་ནས་གསུངས་བཤད་ཀྱི་ཐོག་མ་བོད་རིགས་མི་དམངས་ཀྱི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ནས་ལས་འགུལ་ངོ་སྤདང་སྦྲགས་གསུངས་དོན་ནད་ཡོམས་འདིའི་དབང་གིས་ད་ལོ་ལས་འགུལ་རྒྱ་ཆེན་སྤེལ་ཐུབ་མ་སོང་།་དེ་ནི་སུད་སུ་འཕྲོད་བསྟེན་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་སོགས་ཀྱི་ལབ་སྟོན་བཀའ ་སློབ་དང་མ་འགལ་པའི་ངང་སྲུང་གཙི་གནང་གི་ཡོད།

ཚོགས་གཙོ་ལགས་ནས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་གསལ་བཤད་གནང་སོང་།
དེ་ནས་སུད་སུ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བདེ་སྐྱིད་ལགས་ནས་༧པན་ཆེན་རིན་པོ་ཆེ་གཙོ་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་མ་མང་པོ་ཞིག་གར་སོང་ཆར་མེད་དུ་གྱུར་བའི་གནས་སྟངས་དེར་རྒྱ་ནག་གཞུང་ནས་ལན་འདེབས་གསལ་བོ་དགོས་སྐོར་སོགས་གནང་སོང་། དེ་ནས་རིམ་བཞིན་ཡོ་རབ་གཞོན་ནུ་དང་སུད་བོད་མཐུན་གྲོགས་ཚོགས་པ་སོགས་ཀྱིས་བཀའ་ སློབ་རིམ་བཞིན་གནང་བ་དང་། དེ་རིང་གི་སྐུ་མགྲོན་གལ་ཆེན་སུད་སུ་གྲོས་ཚོགས་འཐུས་མི་དང་སུད་སུ་ལྗང་ཁུ་ཚོགས་པའི་ཚོགས་གཙོ། སུད་སུ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mrs.Regula Rytz ལགས་ནས་གསུངས་དོན་རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་ཀྱི་བྱ་སྤྱོད་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་དང་གཏོང་བཞིན་པའི་ཧ་ཅང་གི་ཛ་དྲག་གི་བྱ་སྤྱོད་ལ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ངེས་པར་དུ་རྒྱ་ནག་གཞུང་ལ་གནོན་ ཤུགས་སྤྲོད་པའི་ལས་འགན་འདུག་གསུངས་སོང་།
དེ་ནས་སུད་སུ་མི་རབས་སྲུང་སྐྱོབ་ཚོགས་པའི་ཚོས་གཙོ་སྐུ་ཞབས་ Mr.Chris Wiedmer ལགས་ནས་གསུང་དོན་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གི་ནང་གི་སློབ་གཉེར་པ་རྣམས་ཀྱིས་སོ་སོའི་ཆོས་དང་སྐད་ཡིག རིག་གཞུང་སྦྱོང་པའི་ཐོབ་ཐང་མེད་སྐོར་དང་། ཁོང་གིས་མུ་མཐུད་དུ་གསུངས་བོད་ནང་དང་ཤར་ཏུར་ཀེ་སུ་ཐན་ནང་གི་ཛ་དྲག་གི་གནས་སྟངས་ཇེ་ལེགས་སུ་མ་སོང་བར་སུད་སུ་གཞུང་གིས་རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་མ་བྱེད་རོགས་གནང་ཟེར་ནས་འབོད་སྐུལ་བྱས་སོང་།
བོད་ཀྱི་གྲོས་ཚོགས་འཐུས་མི་བྱམས་མདོ་ཟམ་པ་ལགས་ཀྱིས་རྡ་ས་དབུས་སྤྱི་འཐུས་ལྷན་ཁང་གི་གསུངས་འཕྲིན་མདོར་འགྲེལ་བྱས་དོན། གསུམ་བཅུ་དུས་དྲན་ནི་སྒེར་ལངས་ཉིན་མོ་ཙམ་མ་ཡིན་པར་བོད་ཀྱི་ དཔའ་བོ་དཔའ་མོ་རྣམས་ཀྱི་ཉིན་མོ་ཡང་ཡིན་པ། རྒྱ་ནག་གཞུང་གིས་དུས་རྟག་དུ་སྐྱག་རྫུན་གྱི་དྲིལ་བསྒྲགསསྣ་མང་བྱེད་ཞོར་བོད་ནང་མུ་མཐུད་དུ་མནར་གཅོད་གཏོང་དང་གཏོང་བཞིན་པ། བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་མུ་མཐུད་ནས་རྒྱབ་སྐྱོར་རོགས་རམ་གནང་བའི་འབོད་སྐུལ་ཡང་བྱས་འདུག ༧རྒྱལ་བ་དོན་གྱི་བདག་པོའི་གཟིགས་སྐྱོང་འོག་བོད་ཀྱི་རྩ་དོན་མུ་མཐུད་གནས་ཐུབ་པས་བོད་མི་ཡོངས་མུ་མཐུད་ནས་རྡོག་རྩ་གཅིག་སྒྲིལ་གནས་དགོས་ལུགས་བཀོད་འདུག
དེ་ནས་སུད་སུ་དོན་གཅོད་སྐུ་ངོ་མཆོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསུང་འཕྲིན་དྲ་ཐོག་ནས་སྦྱར་ཀློག་གནང་དགོས་བའི་བཀའ་སློབ་གནས་སོང་།
ཕྱི་ལོ་༡༩༥༩ལོའི་ད་རིང་གི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གིས་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་པར། རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་བསད་རྨས་བྱས་ནས་ལོ་ ༦༡འཁོར་བའི་དུས་དྲན་གྱི་ཉིན་མོ་འདི་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བརྗེད་དུ་མེད་པའི་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚེས་ཤིག་ཡིན་ནའང། སྐབས་དེར་བོད་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་ཡོད་པ་ནི་སྤོབས་པ་བྱེད་འོས་པ་ཞིག་ཡིན།

ཕྱི་ལོ་༡༩༥༩ལོའི་རྗེས་ནས་ད་བར་གཞིས་བཞུགས་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་འདོད་པའི་རྣམ་འགྱུར་སྟོན་ཆེད། ཞི་བའི་སྒོ་ནས་རྣམ་པ་འདྲ་མིན་གྱི་ལས་འགུལ་བར་མ་ཆད་པར་སྤེལ་ཡོད་པའི་ནང་ནས་གཞི་རྒྱ་ཆེ་ཤོས་ནི་ཕྱི་ལོ་ ༡༩༨༧ དང་། ཕྱི་ལོ་ ༡༩༨༨ ཕྱི་ལོ་༡༩༨༩ སོ་སོའི་ནང་གི་ཞི་བའི་ངོ་རྒོལ་ཁག་དང་། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བཅས་ཡིན། འདི་ལོ་ནི་ཕྱི་ལོ་༡༩༨༨ལོའི་ཞི་བའི་ངོ་རྒོལ་བྱུང་ནས་ལོ་སུམ་ཅུ་འཁོར་བ་དང་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་བཅུ་འཁོར་བའི་དུས་དྲན་ཡང་ཡིན་པ་སོགས་གསལ་འདུག
མཐའ་་དེེར་སུད་སུ་བོད་རིགས་མི་མང་གི་ཚོགས་གཙོས་ཚང་མ་ལ་ཐུགས་རྗེ་ཆེ་ཞུས་བ་དང་མི་མང་གིས་ཡང་བསྐྱར་སྐད་འབོད་དང་རྒྱ་ནག་གཞུང་ཚབ་ཁང་ལ་བོད་མའི་དགོས་འདུན་གྱི་ཡིག་ཆ་སྤྲོད་དེ་དེ་རིང་གི་ལས་རིམ་རེ་ཞིག་མཇུག་བསྡུས་སོང་།
གསར་འགོད་པ། དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།