སུད་སིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༦ ཕེབས་པའི་ྋསྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་པ།

༄༅། །སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༠༩ ཉིན་སྔར་རྒྱུན་བཞིན་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ཕེབས་པའི་ྋསྐུའི་འཁྲུངས་སྐར་དགའ་སྟོན་ཟབ་རྒྱས་ངང་སྲུང་བརྩི་ཞུས་པ་དང༌། སྐབས་འདིར་ཕྱི་ནང་སྐུ་མགྲོན་དང་མི་མང་ ༡༣༠༠ ལྷག་མཉམ་འཛོམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཚོགས་ཁང་ནང་གདན་ཞུས་རྗེས་ྋཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་ཚོན་ཆེད་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་གསོལ་ཇ་འབྲས་སིལ་འདེགས་ཞུས། མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་མི་མང་ཟློས་གར་ནས་སྣེ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང༌། རྟེན་འབྲེལ་བཀྲིས་ཞོལ་པ་གཟིགས་འབུལ་ཞུས་རྗེས་ མི་མང་ཚོགས་གཙོ་དང་མཛད་གཙོ་རྣམས་ནས་དུས་ཆེན་དང་འབྲེལ་བའི་བཀའ་སློབ་གསུང་བཤད་ཁག་གནང་། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་དམིགས་བསལ་མགྲོན་འབོད་ཞུས་པས་ཡོ་རོབ་སྐབས་ ༡༥ སྤྱི་འཐུས་སྐུ་ཞབས་དབང་ཆེན་ལགས་དང་ཀོ་རིན་ཆུང་བདག་ལགས་གཉིས་ལ་མི་མང་ཚོགས་གཙོས་བཀྲིས་མཇལ་དར་ཕུལ་རྗེས་སྤྱི་འཐུས་གསར་པ་གཉིས་ནས་མི་མང་ལ་བཀའ་སློབ་གསུང་བཤད་གནང་། ཡོ་རོབ་སྤྱི་ཟུར་རྣམ་པ་གཉིས་ལའང་ད་བར་ལོ་མང་རིང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་སྐུ་ལས་རྐྱོན་པར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་ཕྱག་བརྟག་དང་དང་མཇལ་དར་བཅས་ཕུལ་ རིམ་བཞིན་སུད་སི་གྲོས་ཚོགས་ཀྱི་འཐུས་མི་ས་གནས་ཛུ་རིགས་ནས་ལྕམ་རྡོ་རི་སི་ཧྥི་ཡ་ལགས་ནས་༸སྐུའི་འཁྲུངས་སྐར་དང་འབྲེལ་བའི་མཚམས་འདྲིའི་གསུང་བཤད་གནང་རྗེས་མི་མང་ཚོགས་གཙོས་བཀྲིས་མཇལ་དར་ཕུལ་་དེ་བཞིན་ཛུ་རིག་ས་གནས་ཀྱི་བློན་ཆེན་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་མ་རི་ཡོ་ཧྥེའེར་ལགས་ནས་གསུང་བཤད་གནང་པ་དང་མི་མང་གི་མཚན་ཐོག་ནས་ད་བར་བོད་དོན་ཐོག་ལོ་མང་རིང་རྒྱབ་བསྐྱོར་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ སུད་བོད་མཐུན་གྲོགས་ཚོགས་པ་ནས་ཀྱང་མཇལ་དར་ཕུལ་གནང་ཡོད་པ་རེད། ༸གོང་ས་མཆོག་ནས་ཉེ་དུས་ཨ་རིའི་ནང་འཁྲུངས་སྐར་སྐབས་བོད་མི་རྣམས་ལ་གནང་པས་བཀའ་སློབ་བཀྲིན་བསྩལ་ཕེབས་པ་དེ་མི་མང་ལ་གཟིགས་འབུལ་ཞུས། ས་གནས་བོད་ཡིག་སློབ་གྲྭ་ཁག་དང་ ས་གནས་ཚོགས་ཆུང་ཁག་ ཆོལ་གསུམ་དང་བུ་མེད་ཚོགས་པ་ སྐྱིད་སྡུག་ཁག་དང་ རང་མོས་གསུང་གཞས་གནང་མཁན་ཁག་མི་མང་གི་ཟློས་གར་བཅས་ནས་གསུང་གཞས་རིམ་བཞིན་གནང་ནས་དངོསགཞིའི་མཛད་སྒོ་ཆུ་ཚོད་ ༢༣་༣༠ ཡོལ་ཙམ་ལ་མཇུག་སྒྲིལ་ཟིན་ཡོད་པ་རེད།འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 6 སྡོམས་རོགས།