སུད་སིར་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀ་ཐོག་དགེ་རྩེ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་པ།

དེ་རིང་སྤྱི་ལོ་༢༠༡༨ ལོའི་ཟླ་བ་༥ པའི་ཚེས་༩ ཉིན་མོ་ཞོགས་པ་ཡོ་རོབ་ཚོུད་༧།༡༥ ཐོག་སུད་སི་ཛུ་རིགས་གནམ་ཐང་དུ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་སྐུ་འཁོར་རྣམས་གཉིས་ཞབས་སོར་འཁོད་ཡོད་པ་དང་ ཕེབས་བསུ་དུ་གཅར་མཁན་ རི་ཀོན་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ་དང་ དཔལ་ལྡན་སྐུ་ངོ་དོན་བཅོད་དངོས་གྲུབ་ཚེ་རིང་མཆོག་དང་ སྤྱི་མཐུས་ཟམ་མདོ་བྱམས་པ་ལགས་ བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་གཙོས་རྒྱུན་ལས་ སྤྱི་ཟུར་དང་ སུད་སི་སྔ་འགྱུར་རིག་འཛིན་འདུས་སྡེའི་བླ་མ་རིག་འཛིན་ནམ་མཁའ་རྒྱ་མཚོ་རིན་པོ་ཆེ་ མ་ཧ་གུ་རུ་འབུམ་ཚོགས་སྤྱི་ཁྱབ་འགན་འཛིན་ དེ་ཡང་མི་མང་སུམ་བཅུ་ལྷག་ཕེབས་བསུ་གཅར་ཐོག་ བཞུགས་གནས་གསོལ་མགྲོན་ཁང་ Hotel/Engel དུ་གདན་འདྲེན་ཞུས་སོང་ གསོལ་མགྲོན་ཁང་དུ་ཕེབས་གྲུབ་པ་དང་ ཆོས་ལུགས་ཆེན་པོ་བཞི་ཡིས་སྐུ་ཚབས་ཀྱིས སྐུ་གསུང་ཐུགས་བརྟེན་བཀྱག་གནང་མཛད་རྗེས་ལྷན་རྒྱས་ལྷུག་པོ་བཞུགས་གནང་མཛད་སོང་ སང་ཉིན་ནས་ཉིན་གསུམ་རིང་མ་ཧ་གུ་རུ་འབུམ་ཚོགས་ཐེང་༥ པ་དབུ་འཛུག་གནང་རྒྱུ་ཡིན་པ་རེད།

གསར་འཕྲིན་དྲྭ་གསར་འགོད་པ་བཀྲ་ཤིས་རྣམས་རྒྱལ་གྱིས་ཛུ་རིགས་ནས་སྤེལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སྡོམས་རོགས།