སུད་སིར་ཐེངས་གཉིས་པའི་འབུམ་ཚོགས་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བའི་གནས་ཚུལ།

དེའང་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་གུ་རུའི་སྐུ་བརྙན་བཞེངས་རྒྱུ་དང་འབུམ་ཚོགས་ཚོགས་རྒྱུ་གཞིས་བྱས་གཉིས་སུ་ཚ་ཚ་འུར་འུར་བྱས་དང་བྱེད་བཞིན་པ་ལྟར། ད་ལམ་ནུབ་ཨ་མི་རི་ཀ་དང་སུད་སིར་ཡང་དཔལ་ས་སྐྱའི་ཆོས་ཚོགས་སྙན་བརྒྱུད་བསམ་གཏན་ཆོས་གླིང་ནས་སྦྱིན་བདག་གནང་བ་དང་ཆབས་ཅིག་རྣལ་འབྱོར་མ་བྱང་ཆུབ་དཔལ་མོས་འགོ་ཁྲིད་པའི་འོག་རིག་འཛིན་གདུང་གྲུབ་ཀྱི་སྒོ་ནས་མ་ཧ་གུ་རུའི་འབུམ་ཚོགས་འཚོགས་དང་ཚོགས་བཞིན་པ་རེད། འདས་པའི་ཉིན་ལྔ་ཡི་རིང་འདི་ག་སུད་སིར་བོད་རིགས་མི་མང་གི་རྒྱབ་སྐྱོར་འོག་ས་གནས་ཚོགས་ཆུང་ལྔས་ ཨར་གྷའོ། ཧོར་གྷན། ར་པརསི་ཝིལ་ཡོ་ན། རི་ཀོན། འཛུ་རིག་བཅས་ནས་དྭང་ལངས་ཀྱིས་ཐེངས་གཉིས་པའི་འབུམ་ཚོགས་སྐབས་གསོལ་ཐབ་ནང་ཕྱག་རོགས་གནང་ཡོད་པ་དང་། དྲུག་པ་ཚེ་བཞི་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་བའི་དུས་ཆེན་དང་བསྟབས་བསྟུན་ཉིན་ཐ་མ་ཚོགས་འབུམ་གྲངས་ཚད་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད། འབུམ་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་ཚོགས་མགོན་དུ་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ནམ་སྐུ་ཚབ་གདན་འདྲེན་ཞུ་རྒྱུ་ལྟར་ཐེངས་དང་པོར་དཔལ་ས་སྐྱའི་ྋགོང་མ་སྐྱབས་མགོན་བདག་ཁྲི་རིན་པོ་ཆེ་མཆོག་དང་བོད་གཞུང་ཆོས་རིགས་བཀའ་བློན་ཟུང་ནས་དབུ་འབྱེད་གནང་ཡོད་པ་རེད།ལོ་འདིའི་ཚོགས་མགོན་དུ་རི་བོ་དགེ་ལྡན་པའི་ྋསྲོལ་འཛིན་ཆོས་རྗེ་ཤར་པ་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་པ་དང་རི་ཀོན་བོད་དགོན་ནས་མཁན་པོ་དབུས་པའི་རིས་མེད་དགེ་བཤེས་རྣམས་དང་དབུ་མཛད་དང་ཆོས་དཔོན་རྡ་ས་རྣམ་རྒྱལ་གྲྭ་ཚང་ནས་ཡིན་པ་དང༌། གཞན་སྐུ་ཚབ་དོན་གཅོད་མཆོག་དང་སྤྱི་ཟུར། བོད་རིགས་མི་མང་གི་ཚོགས་གཙོ་དང་ཚོགས་གཞོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་སོགས་ཕྱི་ནང་སེར་སྐྱ་མི་མང་གང་མང་ཕེབས་ཐུབ་ཡོད་པ་རེད། འབུམ་ཚོགས་རིང་དགེ་འདུན་རྣམས་ལ་སྐུ་འགྱེད་དང་སྔགས་པ་རྣམས་ལ་དམིགས་གསལ་གོ་ཐོབ་དང་སེར་སྐྱ་མི་མང་ལ་ཞུགས་གནས་དང་ཞལ་ལག་སོགས་རིན་མེད་འབུལ་ལམ་ཞུ་ཡིས་ཡོད་པས་ལོ་རྗེས་མའི་འབུམ་ཚོགས་ལ་གང་མང་ཕེབས་ཐུབ་པའི་རེ་བ་དང་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱལ་ཡོངས་སུད་སི་མ་ཧ་གུ་རུའི་གྲ་སྒྲིག་ཚོགས་ཆུང་ལུང་རྟོགས་ས་ག་དང་དཔལ་འཛོམས་ལྷ་མོ་ ཕྲན་རི་ཀོན་ས་སྐྱ་དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་ནས་༢༠༡༡ ཟླ་བ་༨ པའི་ཚེས་༥ ཉིན་བཟང་པོར་ཕུལ། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 8 སྡོམས་རོགས།