སུད་སིའི་ས་གནས་ཁག་གི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་དེབ་སྐྱེལ་གནང་མཁན་དང་འོས་བླུག་མཁན་གྱི་གྲངས་ཐོ།

སུད་སུ་རྒྱལ་ཡོངས་སུ་གནས་བཞུགས་བོད་མི་ཡོངས་ཀྱིས་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བདེ་ལེགས་ངང་མཇུག་གྲུབ་ཟིན་པ་དང་། ཐེངས་འདིའི་འོས་བསྡུ་ཁྲོད་སུད་སུ་ནང་ཁྱོན་བོད་མི་ ༣༩༩༦ འོས་བསྡུའི་དེབ་བ་སྐྱེལ་གནང་ཡོད་པ་དང་། དེའི་ཁྲོད་ཆ་ཤས་དངོས་སུ་བླངས་ནས་འོས་བླུག་མཁན་མི་གྲངས ༣༡༦༡ ཙམ་བྱུང་འདུག

ཐེངས་འདིའི་སྔོན་འགྲོའི་འོས་བསྡུའི་ཁྲོད་སུད་སུ་ནང་ཁྱོན་བསྡོམས་ས་གནས་ཁག་མི་འདྲ་བ་༢༥ ཡོད་པ་དང་།  ས་གནས་ཡོངས་སུ་ཡུལ་ཁྲིམས་དང་མཐུན་པ། རྙོག་དྲ་སོགས་ཅི་ཡང་མ་བྱུང་བར་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་བདེ་ལེགས་ངང་མཇུག་སྒྲིལ་གནང་ཡོད།

གཤམ་དུ་ཚོགས་ཆུང་རེ་རེའི་དེབ་སྐྱེལ་དང་། འོས་འཕེན་པའི་གྲངས་ཚད་རོབ་རྩིས་ཙམ་རེའུ་མིག་ནང་བཀོད་ཡོད།

ཚོགས་ཆུང་གི་མིང་། དེབ་སྐྱེལ་བྱེད་མཁན། འོས་བླུགས་མཁན། འོས་མ་བླུགས་མཁན།
ST.GALLEN 172 162 10
MUNSCHWILEN&WIL 156 113 43
LAUSANNE 114 97 17
RIKON 252 173 79
WÄDENSWIL 102 82 20
GLARUS 189 140 49
BASEL 196 160 36
SCHAFFAUSSEN 97 71 26
GENF 103 89 14
BERN 350 283 67
LUZERN 162 154 8
LICHTENSTEIN 73 66 7
RUTI 90 70 20
ZÜRICH 546 456 90
VOLKESTWIL 128 99 29
TURBENTHAL 44 29 15
HORGEN 241 179 62
SOLUTHURN 118 113 5
AARGUA 201 154 47
FLAWIL/UZWIL 126 72 54
RAPPERSWIL/JONA 253 173 80
ZUG 79 78 1
LANDQUARD 90 75 15
TICINO 24 17 7
WATTWIL/UZNACH 90 56 34
TOTAL 3996 3161 835

གསར་འགོད་པ། དབང་གྲགས།

སུད་སི་སྐུ་ཚབ་དོན་གཅོད་ཁྱབ་ཁུང་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་འོས་བསྡུ་གྲུབ་འབྲས་གཤམ་དུ་འགོད་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།