སུད་སིའི་རི་ཀོན་དགོན་དུ་ཆོལ་གསུམ་ཐུན་མོང་གི་མཆོད་འབུལ་སྨོན་ལམ་ཚོགས་པ།

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢ ཉིན་རྒྱབ་ཆུ་ཚོད་༡༢ སྟེང་སུད་སིའི་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་ནས་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཆོལ་གསུམ་ཐུན་མོང་གིས་གོ་སྒྲིག་ཞུས་པ་དང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དང་བླ་སྤྲུལ་དགེ་འདུན་རྣམས་ཀྱིས་གཙོས་ཡོ་རོབ་སྤྱི་ཟུར་རྣམ་པ་དང་། སྐུ་ཚབ་དོན་གཅོད། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པས་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རི་ཀོན་དགོན་དུ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། ཆུ་ཚོད་༡༢།༡༥ བར་རིན་པོ་ཆེ་མཆོག་གིས་རི་ཀོན་དགོན་པར་མཆོད་མཇལ་དང་།  ཆུ་ཚོད་༡༢།༣༠ ཐོག་རི་ཀོན་དགོན་པས་གསོལ་ཚིགས་གོ་སྒྲིག་གནང་བ་ལེགས་གྲུབ་བྱུང་རྗེས། ཆོལ་གསུམ་རྒྱུན་ལས་རྣམ་པ་ཟུར་མཇལ་ཐོག་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་ལ་བསྔགས་བརྗོད་དང་།  མི་རིགས་ཀྱི་རིག་གཞུང་ཉར་ཚགས་དགོས་པ་སོགས་ཀྱི་གལ་ཆེ་བཀའ་སློབ་བསྩལ། དེ་ནས་བླ་མ་མཆོད་པའི་ཚོགས་མཆོད་སྨོན་ལམ་གྱི་ཚོགས་མགོན་དུ་གདན་འདྲེན་ཞུས་པ་དང་། དབུས་གཙང་ཆོལ་ཁའི་ཚོགས་གཙོས་ཐེངས་འདིའི་ཚོགས་མཆོད་སྨོན་ལམ་ཚོགས་དགོས་པའི་དགོས་པ་དམིགས་ཡུལ་ངོ་སྤྲོད་མདོར་བསྡུས་གནང་བ་དང་། མདོ་སྟོད་ཆོལ་ཁའིི་ཚོགས་གཙོས་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ངོ་སྤྲོད་གསུང་བཤད་གནང་རྗེས།  སྨོན་ལམ་འུར་འདོན་དང་མ་ནི་གྲངས་གསོག་གནང་བ་མ་ཟད་བླ་མ་མཆོད་པའི་ཚོགས་མཆོད་རྒྱས་པ་ཞིག་ཕུལ་ཡོད། ཚོགས་མཆོད་སྟེང་སུད་སིའི་སྐུ་ཚབ་དོན་གཅོད་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་གྱིས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མི་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ས་གནས་མི་མང་ཉིས་བརྒྱ་ལྷག་མཉམ་ཞུགས་གནང་བ་དང་། ཚོགས་མཆོད་སྨོན་ལམ་གྲུབ་རྗེས་ཀིརྟི་རིན་པོ་ཆེ་མཆོག་གིས་མི་མང་མཇལ་ཁ་ཡང་བསྩལ་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།