༢༠༡༤ ཕྱི་ཟླ་ ༡༡ ཚེས་ ༨ རེས་གཟའ་སྤེན་པར་སུད་སི་ས་གནས་སམ་སི་ཏ་གྷན་ཚོམ་ཆེན་དུ་བོད་སྐད་བགྲོ་གླེང་ཐེངས་གཉིས་པ་གཟབ་རྒྱས་འཚོགས་པ།

དེ་ཡང་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་ཡིག་སློབ་གྲྭ་ཐོུང་ནས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཉམས་པ་སླར་གསོ་ཡོང་ཐབས་བཅས་སྐད་ཡིག  རིག་གཞུང་འགྲན་བསྡུར་གྱིས་ལས་རིམ་ཐེངས་གཉིས་པ་གོ་སྒྲིག་ཚག་འཚུད་བྱུང་སོང་ལ།  ཞོགས་པ་ཚོུད་ ༡༠  ནས་ངའི་རྨི་ལམ་ནང་གི་བོད་ཅེས་བརྗོད་གཞིའི་ཐོག་རི་མོ་འབྲི་རྒྱུ་འགོ་བཙུགས།  དེ་རྗེས་སློབ་མ་རྣམས་རྒན་གཞོན་སྡེ་ཚན་གཉིས་སུ་ཕྱེ་ནས་ཡིག་གཟུགས་དང་།  ཉིན་གུང་གསོལ་ཚིགས་རྗེས་མཛད་སྒོའི་ཐོག་མར་བོད་ཆས་གཟབ་མཆོར་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུའི་སྔོན་བསུས་ཏེ་གོ་སྒྲིག་ཚོགས་གཙོ་འོར་པ་ཚེ་བརྟན་པ་སངས་ལགས་ནས་གུས་བསུའི་འཚམས་ཞུ་དང་སྦྲགས་ཉིན་དེའི་ཞིབ་འཇུག་ཨང་རིམ་གནང་མི་སྐུ་མགྲོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག  མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས།  བོད་སློབ་སྤྱི་ཁྱབ་འགན་འཛིན་རྡོ་ཆུང་མགོན་པོ་ལགས་བཅས་ངོ་སྤྲོད་གནང་།  དམིགས་ཡུལ་གཙོ་བོ་སློབ་མ་རྣམས་ཞེད་འཚེར་གང་ཡང་མི་དགོས་པར་སྤྲོ་སྣང་ཁོལ་བའི་ཐོག་དོ་འཁུར་ཡོང་ཐབས་ཡིན་པ།  ཐེངས་འདིར་བོད་སློབ་ཁག་  ༡༣  ནས་སློབ་མ་གྲངས་ ༡༢༦  སྐོར་མཉམ་ཞུགས་གནང་ཡོད་པ་བཅས་རྒན་གཞོན་ཁག་གཉིས་སྡེ་ཚན་གསུམ་དུ་ཆ་བགོས་ཀྱིས་སྲོང་བཙན།  ཁྲི་སྲོང་།  ཁྲི་རལ་ཞེས་འབོད་འདུག  དེ་ནས་གསལ་བཤད་གནང་དོན་མི་མང་རྣམས་ཚོགས་ཁང་ནང་འཛུལ་དངུལ་དང་།  ཞལ་འདེབས་ཞུ་རྒྱུ་སོགས་བརྡབ་གསིག་བཟོ་མི་དགོས་པ་གཙོ་དོན་གནང་ཡོད་པ།  དགེ་ལས་སློབ་ཕྲུག་ཆ་ཤས་ལེན་མི་རྣམས་ཕུད་དེ་བྱིངས་ནས་གསོལ་ཚིགས་དང་།  ཆབ་མངར།  གསོལ་ཇ་སོགས་ཉོ་བཞེས་གནང་དགོས་པ་བཅས་ཡིན་ལ།  འགྲོ་གྲོན་ཁ་མ་ཐུག་པ་བྱུང་ཚེ་བོད་སློབ་སྤྱི་དངུལ་ནས་དགོངས་བཞེས་གནང་སྐྱོངས་སོགས་ཀྱི་རེ་འབོད་ཀྱང་གནང་སོང།

དེ་ནས་བོད་སློབ་སྤྱི་ཁྱབ་འགན་འཛིན་མཆོག་ནས་ད་རེས་གོ་སྒྲིག་ཡག་པོ་བྱུང་འདུག་པར་བསྔགས་བརྗོད་དང་ལྷག་པར་དགོས་དམིགས་གཞིར་བཞག་ཆ་ཤས་ལེན་མི་མང་པོ་བྱུང་འདུག་པར་ཡང་བསྔགས་བརྗོད་གནང་ཞིང།  སྐད་ཡིག་སློབ་སྦྱོང་བྱེད་པ་དང་ཆབས་ཅིག  ཡ་རབས་བཟང་སྤྱོད་དང་ལྡན་པའི་བོད་རིགས་ཡོང་ཐབས་ལ་ཚང་མས་དགོངས་བཞེས་གནང་གལ་སོགས་གསུངས།

དེ་རྗེས་སློབ་དགེ་སྤེན་པ་ཚེ་རིང་ལགས་དང་ཚེ་དབང་སྒྲོལ་མ་ལགས་ནས་འགྲན་བསྡུར་གྱི་ལས་རིམ་འགོ་འཛུགས་གནང་སོང་།  སྡེ་ཚན་རེར་སློབ་མ་དགུ་ཙམ་ཡོད་འདུག  འགྲན་བསྡུར་ལས་རིམ་ནང་བོད་ཡིག་བརྡ་སྤྲོད།  སྤྱི་བཏང་ཤེས་བྱ།  རྒྱལ་རབས་ཆོས་འབྱུང།  དཔོད་བྲིས།  ཀློག་རྒྱུགས་རྒན་པར་དབུ་ཅན་དང་གཞོན་པར་དབུ་མེད་བཅས་དང་།  དུས་གསུམ་དབྱེ་འབྱེད།  བོད་སྐད་འཇར་བསྒྱུར་རམ་འཇར་སྐད་བོད་བསྒྱུར།  གབ་ཚིག་ཟེར་བ་སོགས་མང་དག་འདུག  དགོང་དྲོའི་གསོལ་ཚིགས་རྗེས་སུ་ཞབས་གཞས་འཁྲབ་སྟོན་གྱི་འགྲན་བསྡུར་གནང་སོང་ལ་མཇུག་བསྡོམས་ཨང་དང་གཉིས་ཀྱི་གསོལ་རས་བྱ་དགའ་གཟེངས་རྟགས་དང་སློབ་མ་མི་རེ་ངོ་རེར་ཕྱག་ཁྱེར་གནང་སོང་། 

༡)  ད་རེའི་ལས་རིམ་བྱ་དགའ་གནང་སྐབས་རིག་གཞུང་འཁྲབ་སྟོན་ཨང་དང་པོ་ར་པརསི་ཝིལ་ཡོ་ན།  ཨང་གཉིས་པ་སོ་ལུ་ཐུན།  ཨང་གསུམ་པ་ཝས་ཌནསི་ཝིལ་བཅས་དང་། མི་མང་ནས་དགའ་མོས་བྱ་དགའ་ཧོར་གྷན་བཅས་ལ་ཐོབ།

༢)  སློབ་མ་ཆུང་བ་ཨང་དང་པོ་སྲོང་བཙན།  གཉིས་པ་ཁྲི་རལ།  གསུམ་པ་ཁྲི་སྲོང་བཅས།

༣)  སློབ་མ་རྒན་པ་ཨང་དང་པོ་ཁྲི་སྲོང་།  གཉིས་པ་སྲོང་བཙན།  གསུམ་པ་ཁྲི་རལ་བཅས།

༤)  ཡིག་གཟུགས་སློབ་མ་ཆུང་བ་ཨང་དང་པོ་ར་པརསེ་ཝིལ་ཡོ་ནའི་བོུ་བསྟན་འཛིན་དབྱངས་སྒྲོན།  ཨང་གཉིས་པ་སོ་ལུ་ཐུན་བོུ་ཚེ་དབང་བསོད་ནམས།  ཨང་གསུམ་པ་ར་པརསེ་ཝིལ་ཡོ་ནའི་ཚེ་རིང་ཤང་རི་ཚང་བཅས།

༥)  སློབ་མ་རྒན་པ་ཨང་དང་པོ་སོ་ལུ་ཐུན་ངག་དབང་ཆོས་སྐྱིད།  ཨང་གཉིས་པ་སྦརན་བསྟན་འཛིན་བཤད་སྒྲུབ།  ཨང་གསུམ་པ་སནཌི་གྷ་ལན་བསྟན་འཛིན་བདེ་ལྡན་བཅས།

༦)  རི་མོའི་ནང་དོན་ངའི་རྨི་ལམ་ནང་གི་བོད་ཅེས་འདུག  བོད་ལུང་པ་མཐོང་མྱོང་མེད་པའི་ན་གཞོན་ཚོའི་རི་མོའི་ལམ་ནས་རང་ཉིད་ཀྱི་སེམས་འཚོར་མཚོན་པ་ཞིག་འབྲི་རྒྱུར་ལས་སླ་པོ་གང་ནས་ཡིན།  ཡིནའང་ཐེངས་འདིའི་རི་མོ་ཁག་ལ་བལྟ་སྐབས་ཧང་སངས་དགོས་པ་འདུག  བློ་འགྱོད་དང་བཅས་དགོངས་སེལ་ཞུ་རྒྱུར་དོན་གནས་གཞན་ཞིག་ལ་སེམས་གཡེངས་ཏེ་སློབ་མ་རྣམས་ཀྱི་མཚན་ཐོ་ཟིན་བྲིས་ནང་འགོད་མ་ཐུབ་པ་དང་འབྲེལ་ཡོད་མི་ཉུང་བ་ཞིག་ལ་བཀའ་འདྲི་ཞུས་པར་ཡང་དོན་འབྲས་མ་བྱུང་བར་འདིར་མིང་འགོད་ཐུབ་མ་སོང་། མཚམས་འདིར་གོ་སྒྲིག་ཚོགས་མི་དང་།  མ་བྱན་ལ་སོགས་པར་ཐུགས་རྗེ་ཆེ་ཞུས་མཇལ་དར་ལེགས་སྐྱེས་སོགས་འབུལ་བཞེས་གནང་སོང་ལ་མི་མང་ཚོགས་གཞོན་བསམ་པ་ལགས་ནས་ཀྱང་འབྲེལ་ཡོད་རྣམས་ལ་མཇལ་དར་ཕུལ་ནས་སྒྲིག་འཛུགས་ཀྱི་མཚན་ཐོག་ཐུགས་རྗེ་ཆེ་ཞུས།  མཐའ་བསྡོམས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཀ་རུཿཚང་ཤེས་རབ་ལགས་ནས་ད་རིང་གི་ལས་དོན་གྲ་རྒྱས་ཚག་འཚུད་བྱུང་བ་ནི་འགན་ཡོད་རྣམས་དང་། སློབ་ཕྲུག་ཕ་མ་སོགས་ཚང་མས་མཉམ་རུབ་གནང་བ་ཞིག་ཏུ་སོང་ཐུགས་རྗེ་ཆེ་ཞེས་དང་།  གོ་སྒྲིག་ཚོགས་ཆུང་ནས་གང་འོས་གང་ཐུབ་ཞུས་ཡོད་ཀྱང་འཐུས་ཤོར་བྱུང་རིགས་ལ་དགོངས་སེལ་ཞུ་རྒྱུ།  ཐེངས་འདིའི་ལས་འགུལ་ཆེད་ར་པརསེ་ཝིལ་ཡོ་ན་ས་གནས་རྫོང་ ( Rapperswil-Jona Stadt) ནས་མཐུན་འགྱུར་ཞལ་འེདབས་སུད་སྒོར་ ༢༠༠  དང་སྤེན་པ་ཚི་རིང་ལགས་ཀྱི་ལས་སའི་བདག་པོས་སུད་སྒོར་ ༤༠༠ ཐམ་པ་བཅས་ཞལ་འདེབས་གནང་སོན་བྱུང་བར་ཐུགས་རྗེ་ཆེ་སོགས་ཞུས་རྗེས་བཀྲིས་ལེ་འགྲིག་ངང་མཇུག་བསྒྲིལ་བྱུང་སོང་ལ།  འཆར བཀོད་སྔོན་ཟིན་བཞིན་གོ་སྒྲིག་གནང་མི་ནི་གྷི་ལཱ་རུསི་དང།  ར་པརསི་ཝིལ་ཡོ་ན།  ཧོར་གྷན། ཝས་ཌནསི་ཝིལ།  ཛུས་རིག་བཅས་བོད་སློབ་ཁག་ལྔའི་འགན་འཛིན་དགེ་ལས་རྣམས་ཡིན་འདུག  ཉིན་དེར་གནམ་གཤིས་ཡག་པོ་བྱུང་བར་སོང་ཉིན་གུང་གསོལ་ཚིགས་ཀྱང་ཚོགས་ཁང་གི་ཕྱིར་གླིང་ག་གཏོང་བའི་རྣམ་པ་དང་བཅས་སྤྲོ་སྣང་ཁོལ་བའི་ནང་བཞེས་སོང་བ་ཞིབ་ཆ་འདྲ་པར་ཁག་ནས་གསལ་པོར་མངོན་ཐུབ་རྒྱུ་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་ཏན་གྱིས།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 5 སྡོམས་རོགས།