སུད་སི་ས་གནས་བུད་མེད་ཚོགས་པའི་གོ་སྒྲིག་འོག་ནང་ཆོས་ངོ་སྤྲོད།

༢༠༡༧ ཟླ་༥ ཚེས་༢༡ ཉིན་སུད་སི་རི་ཁོན་ཆོས་འཁོར་དགོན་དུ་སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་རི་ཁོན་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་གདན་ཞུ་ཞུས་ཏེ་ནང་ཆོས་ངོ་སྤྲོད་དང་། ཉེ་ཆར་བོད་ནང་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དགེ་འདུན་འཇམ་དབྱངས་ལགས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་བཅས་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ངོས་ནས་རི་ཁོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གདན་ཞུས་ཐོག བོད་ནང་ཉེ་ཆར་བོད་བསྟན་སྲིད་ཆེད་སྐུ་ལུས་མེར་མཆོད་གནང་མཁན་རྒྱལ་གཅེས་དཔའ་བོ་དགེ་འདུན་འཇམ་དབྱངས་ལགས་ཀྱིས་གཙོས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་གནང་ཡོད་པ་དང་། དེ་རྗེས་རི་ཁོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གིས་མི་མང་ལ་སྐྱབས་འགྲོའི་སྐོར་ནས་བཀའ་སློབ་ཟབ་རྒྱས་གནང་ཞིང་། ནང་ཆོས་ངོ་སྤྲོད་དང་འབྲེལ་བའི་དྲི་བ་དྲིས་ལན་ཁག་ལ་བཀའ་ལན་ཞིབ་རྒྱས་གནང་ཡོད་འདུག

གསར་འགོད་པ། བཀྲ་ཤིས་རྣམས་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།