སུད་སི་རི་ཀོན་ཆོས་འཁོར་དགོན་དུ་བོད་ལུགས་ལོ་གསར་ཆོས་ཕྱོགས་ཀྱི་མཛད་སྒོ་གཟབ་རྒྱས་བསྐྱངས་པ།

བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་ལོ་གསར་ཚེས་གཅིག་ཉིན། སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ལོ་གསར་ཆོས་ཕྱོགས་ཀྱི་མཛད་སྒོར་མཁན་བླ་དགེ་འདུན། ཕྱི་ནང་གི་མཛད་གཙོ་རྣམ་པ། བོད་མི་མང་ཚོགས་དང་ཕྱི་རྒྱལ་ཆོས་གྲོགས་བཅས་ལྷན་འཛོམས་ཐོག་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་མཎཌལ་རྟེན་སུམ་འདེགས་འབུལ། བསྟན་སྲིད་དང་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་སྨིན་སྒྲུབ་དང་། དགོན་པ་དང་མི་མང་གི་འཐུས་ཚབ་ཀྱིས་ལོ་གསར་གྱི་འཚམས་འདྲི་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་བ་དེ་སུད་སི་གཞུང་འབྲེལ་བརྙན་འཕྲིན་པར་ལེན་གནང་བ་ཕྱི་ ༣ ཚེས་ ༢༢ རེས་གཟའ་ཉི་མ་ ཉིན་ཞོགས་པ་ཚོུད་ ༡༠ ཐོག་དུས་ཡུན་ཚོུད་ ༡ རིང་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས། ཟི་ལིང་རྒྱལ་མཚན་ནས་པར་ལེན་དང་བཅས་གནས་བསྡུས་སུ།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།