སུད་སི་བོད་ཀྱི་བུ་མེད་ཚོགས་ཆུང་དོན་ལྡན་ནས་མཆོད་འབུལ་ཞུས་པ།

༄༅། ༢༠༢༢ ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་སུད་སི་བོད་ཀྱི་བུ་མེད་ཚོགས་ཆུང་དོན་ལྡན་ནས་ས་གནས་རི་ཀོན་སྤྱི་ཁང་ནང་མཆོད་འབུལ་ཞབས་རིམ་གོ་སྒྲིག་ཞུས་པ་ལྟར། རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ་དབུ་ཞུགས་ཐོག།ཞོགས་པ་ཚོུད་ ༩་༣༠ ནས་ ཉིན་གུང་ཚོུད་ ༡༢་༠༠ བར་བོད་ནང་དུ་རང་ལུས་ཞུགས་འབུལ་གྱི་རྩ་དོན་ཆེད་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཆེད་དུ་མི་མང་ལྔ་བཅུ་ལྷག་སྐོར་ནས་མཆོད་འབུལ་ཞུས་གནང་ཡོད་པ་རེད། སྐྱབས་སེམས། ༸རྒྱལ་བའི་ཞབས་བརྟན། གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས། གསོལ་འདེབས་བདེན་པའི་རྔ་སྒྲ། སྒྲོལ་མའི་བསྟོད་པ་དང་གསོལ་འདེབས། འཕགས་བསྟོད། གཟུངས་སྔགས། མཎི། བཛར་གུ་རུ། མི་འཁྲུགས་པའི་གཟུངས། སྨན་བླའི་གཟུངས། བཟང་སྤྱོད། བྱམས་སྨོན། སྤྱོད་འཇུག།། བདེན་ཚིག་སྨོན་ལམ་བཅས་གསུང་གནང་ཡོད། མང་ཚོགས་ལ་་ཉིན་གུང་གསོལ་ཚིག་བཅས་ཀྱང་གོ་སྒྲིག་གནང་ཡོད་པ་རེད།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།