སུད་སི་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་བ།

དེ་རིང་སྤྱི་ཟླ༩ཚེས་༡ཆུད་ཚོད་༣ ནས་ཆུ་ཚོད་༦ བར་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛོ་རིག་ནང་རྒྱ་གཞུང་གི་ད་ལྟའི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་། ཉེས་དུས་རྒྱལ་གཅེས་དཔའ་བོ་གཉིས་ཀྱིས་བོད་ཀྱི་རང་དབང་སླར་གསོ་ཆེ​ད་སྐུ་ལུས་མཆོད་མེར་སྒྲོན་མཁན་གཉིས་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་གྲངས་༥༡ཙམ་ལ་གདུང་སིམས་མཉམ་བསྐྱེད་དང་། ད་ལྟ་བོད་ནང་རྒྱ་གཞུང་གི་དམ་དྲག་འོག་ཉེས་མེད་བོད་པ་མང་པོ་བཙོན་འཇུག་དང་དམར་གསོད་བྱེད་ཀྱིན་པ་མྱུར་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་སྐད་འབོད་འཁྲིག་ཆ་དོད་པ་ཞིག་སྤེལ་ཡོད་། དེ་རིང་ཛོ་རིག་གྲོང་ཁྱེར་ནང་ཆར་རླུང་དྲག་པོ་འབབ་ཀྱིན་པ་མ་ལ་ལྟོས་པར་སུད་སི་བོད་རིགས་མང་ཚོགས་བརྒྱ་ལྷག་མཉམ་ཞུགས་ཐོག་ཛོ་རིག་མེ་འཁོར་འབབ་ཚུགས་ཀྱི་ཉེ་འཁྲིས་ནས་རྒྱ་ནག་གཞུང་ཚབ་ཁང་མདུན་བར་ཞི་རྒོལ་གྱི་སྐད་སྒྲ་ཤུགས་ཆེན་བཏོན་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཤིན་ཏུ་ཆེན་པོར་སླེབས་ཀྱིན་པའི་གནས་སྟངས་སོགས་དབྱིན་སྐད་དང་འཇར་མན་སྐད་ཡིག་སོགས་ལ་བསྒྱུར་ཏེ་འགྲེམས་ཤོག་བརྒྱ་ཕྲག་མང་པོ་ཕྱི་རྒྱལ་མི་མང་སྤྲད་པ་དང་། ཐེངས་འདིའི་ལས་འགུལ་གྱི་འབོད་སྐུལ་ཡིག་ཆ་སོགས་རྒྱ་ནག་གཞུང་ཚབ་ཁང་ལ་སྤྲད་དེ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་བསྒྱུར་བཅོས་ཡོང་བའི་འབོད་སྐུལ་ཞུས་ཡ ོད། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱི་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་ངོ་སྤྲོད་གཏམ་བཤད་ནང་བརྗོད་དོན། ད་ལྟའི་སྐབས་འདི་ནི་ང་ཚོ་མི་སུ་ཞིག་ཡིན་ཀྱང་སོས་དལ་བྱས་ནས་སྡོད་པའི་དུས་མིན་པ་དང་། ང་ཚོའི་འཐབ་རྩོད་འདི་བོད་མི་རང་གིས་རྩོད་མ་ཐུབ་པ་ཡིན་ན་ཕྱི་རྒྱལ་མི་རིགས་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་གྲུབ ་འབྲས་ཐོན་པའི་རོགས་སྐྱོར་ཅིག་བྱེད་་མི་སྲིད་པ་ནི་དངོས་ཡོད་གནས་ཚུལ་གྱིས་ཧ་གོ་བ་འདི་རེད། དེ་བས་ང་ཚོ་རང་དབང་ལུང་བར་སྡོད་མཁན་དང་།  ལྷག་དོན་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་སྡོད་མཁན་གྱི་བོད་མི་ཚོས་མ་སྐུལ་དང་བླངས་ཀྱིས་བོད་ཀྱི་འཐབ་རྩོད་འདི་མཚམས་མ་བཞག་པར་མུ་མཐུད་རྒྱལ་སྤྱིའི་སྤྱི་ཚོགས་ནང་དོ་སྣང་གསོན་པོ་སླེབས་ཐུབ་ཐབས་ཤིག་བྱེད་དགོས་པ་དེ་ཧ་ཅ ང་གལ་ཆེན་ཡིན་སྐོར་སོགས་གསུངས་ཡོད། ཐེངས་འདིའི་ལས་འགུལ་གྱི་ཡོངས་ཁྱབ་བསྒྲོགས་གཏམ་ནང་བཀོད་དོན།  སྤྱི་ལོ༡༩༤༩ལོ་ནས་ད་སྔའི་བར་རྒྱག་ཞུང་གིས་བོད་མི་འབུམ་ཕྲག་མང་པོ་དམར་གསོད་བཏང་ཡོད་ལ། མི་ལོ་ང་བཅུ་ལྷག་གི་རྗེས་ཀྱི་ད་ལྟའི་དུས་སྐབས་འདི་ལའང་སྔར་བཞིན་རྒྱ་གཞུང་གི་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་གཉའ་གནོན་སོགས་ཀྱི་གདུག་རྩུབ་སྲིད་བྱུ ས་མུ་མཐུད་སྤེལ་གྱིན་ཡོད། བོད་ཀྱི་རིག་གཞུང་དང་ཁོར་ཡུག་གཏོར་བཤིགས། ལོ་རྒྱུས་འཁྱོག་བརྗོད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། མི་རིགས་དབྱེ་འབྱེད་དང་འཚོ་བའི་བདག་དབང་བཙན་འཕྲོག་གི་སྲིད་བྱུས་འོག་བོད་མི་སུ་ཡང་ཉིན་གཅིག་ལའང་སྡོད་འདོད་མེད་པར་གྱུར་ཡོད། དེར་བརྟེན་སྤྱི་ལོ༢༠༠༨ལོར་བོད་མི་ཡོངས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ ངོ་རྒོལ་གནང་བ་མ་ཟད།་བོད་མི་མང་པོས་རང་སྲོག་བློས་བཏང་གིས་བོད་ཀྱི་རང་དབང་སླར་གསོའི་ཆེད་འཚེ་མེད་ཞི་བའི་འཐབ་རྩོད་རྒྱུན་མཐུད་གནང་བཞིན་ཡོད་ཅིང་། དམིགས་བསལ་ཉིན་དེ་རིང་བར་བོད་མི་ ༥༡༽གིས་རང་ལུས་མཆོད་མེར་ཕུལ་ཏེ་རྒྱ་གཞུང་གི་གདུག་རྩུབ་ལ་ངོ་རྒོལ་དང་བོད་ཀྱི་རང་དབང་དང་དམངས་གཙོའི་འཐབ་རྩོད་ལ་སྟོབས་ཤུགས་ཕུལ་ཡོད། ཁོང་རྣམས་ཀྱི་རེ་འབོད་ནི་ གཉའ་གནོན་སྲིད་བྱུས་འཚམས་འཇོག་དང་། འཛམ་གླིང་ཞི་བདེ་དང་རང་དབང་དམང་གཙོ་དར་སྤེལ།  ༧གོང་ས་མཆོག་ཕྱིར་བོད་ནང་ཕེབས་འཇུག་དགོས་པའི་རེ་བ་ཁོ་ན་ལས་མི་སྒེར་གྱི་འཚོ་བར་ཡི་ག་ལོག་པའི་བྱེད་བབ་འོག་རང་ལུས་མཆོད་མེར་ཕུལ་བ་ཞིག་ཡེ་ནས་མིན། འདི་དག་ནི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ང་ཡའི་གནས་ཚུལ་ཞིག་ཡིན་པ་དང་།  ཁྱད་པར་མི་ རིགས་ཉམ་ཆུང་ཞིག་གིས་འཛམ་གླིང་ཞི་བདེ་དང་རང་དབང་དམངས་གཙོའི་ཆེད་སྐུ་ལུས་མཆོད་མེར་ཕུལ་ཕོད་པའི་སྙིང་སྟོབས་ཀྱི་ཚ་རླབས་མཐོ་ཤོས་དེ་ཡང་ཆགས་ཡོད། འོན་ཀྱང་རྒྱ་ནག་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སུས་ཀྱང་ང་ཚོ་མི་རིགས་ཉམས་ཆུང་ཞིག་གི་བདེ་སྡུག་ལ་ཁ་ཡ་མི་བྱེད་པ་མ་ཟད།  མི་རིགས་ཉམས་ཆུང་ཞིག་གིས་རང་ཉིད་བློས་བཏང་གི་འཚེ་མེད་ཞི་བའི་འཐབ་རྩོད་ཨུ་ཚུག ས་ཀྱིས་རྒྱུན་འཁྱོངས་བྱེད་བཞིན་པར་སྣང་འཇོག་གང་ཡང་སྤྲོད་ཀྱིན་མི་འདུག་ལ། ཁོ་ཚོས་རེ་བ་ནི་ཉིན་ཞིག་མི་རིགས་འདི་ཉིད་གཡུལ་འཁྲུག་ཁྲག་སྦྱོར་གྱི་ལས་ལ་ཞུགས་པ་དང་།འགྲོ་བ་མིའི་རིགས་མང་པོ་ཞིག་དཀའ་སྡུག་གི་ལོ་ཟླ་བརྩེགས་མ་མྱོང་རྒྱུ་སྒུག་ནས་སྡོད་ཀྱིན་པ་དེ་ཡིན། འོན་ཀྱང་ང་ཚོས་༧གོང་ས་མཆོག་གི་རླབས་ཆེའི་བཀའ་སློབ་འོག་ད་ལྟའང་མུ་མཐུད་འཚེ་མེད་ཞི་ བའི་ལས་འགུལ་མུ་མཐུད་སྤེལ་གྱིན་ཡོད། དེ་བས་འཛམ་གླིང་མི་མང་སྤྱི་དང་ཁྱད་པར་དྲང་བདེན་དང་གནས་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་མི་མང་ཡོངས་ཀྱིས་ང་ཚོའི་དཀའ་སྡུག་ལ་མིག་ལྟ་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་མུ་མཐུད་ཞུ་བཞིན་པ་ཡིན།་དེ་བཞིན་དེ་རིང་གི་ལས་འགུལ་འདི​ས་ཀྱང་རྒྱ་གཞུང་གི་གཉའ་མནོན་སྲིད་བྱུས་ལ་ངོ་རྒོལ་དང་འདྲ་མཉམ་མི​ན་པའི་སྲིད་བྱུས ་འཚམས་འཇོགས་ཀྱི་འབོད་སྒྲ་སྒྲོག་གིན་ཡོད་པ་མ་ཟད།བོད་མི་མང་པོ་ཞིག་ཉེས་མེད་དམར་བ​སོད་གཏོང་བཞིན་པ་དང་། ༧པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོ​ས་པའི་བོད་མི་སྟོང་ཕྲག་མང་པོ་ཉེ​ས་མེད་བཙོན་འཇུག་བྱས་ཡོད་པ་རྣམས་གློད་གྲོལ། ད་ལྟ་བོད་ཀྱི་ས་ཁུལ་མང་པོར་དམ་དྲག་འཇིགས་སྐུལ་ཤུགས་ཆེན་བྱེད་ཀྱིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྒྲ་ཡང་སྒྲོག་བཞིན་པ་ཡིན། ཅེས་བཀོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།