སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་གྲྭ་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ཆེད་ཞི་རྒོལ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་ས་གནས་འཛུ་རིགས་གྲོང་སྡེའི་ནང་མི་མང་མཉམ་འཛོམས་ཐོག་ཉེ་དུས་བོད་ཁམས་དཀར་མཛེས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་དམ་པ་དེ་ཉིད་ནས་རང་མི་རིགས་དང་རྒྱལ་ཁབ་ཆེད་རང་སྲོག་མེར་བསྲེགས་གཏང་གནང་བ་དང་བོད་ནང་ད་ལྟ་ཡང་གཞིས་ལུས་མི་མང་རྣམས་ལ་རང་དབང་སྤུ་ཙམ་མེད་པས་གདུག་རྩུབ་འོག་གནས་སྡོད་རྣམས་ཀྱི་ཆེད་འཛུ་རིག་ཧེལ་ཝེ་ཚི་ཡ་པལཛི་ནས་མི་མང་ ༤༠༠ ལྷག་འདུ་འཛོམས་ཆེན་པོས་རྒྱ་དམར་གྱི་གཞུང་ཚབ་བར་ལག་ཏུ་མར་མེ་མཉམ་འཁྱེར་གྱིས་གོམ་བགྲོས་གནང་སྟེ་གཞུང་ཚབ་མདུན་ཞི་རྒོལ་དང་སྐད་འབོད་གནང་བ་དེ་བཞིན་མཁན་རིན་པོ་ཆེ་མཆོག་དང་མི་མང་ཚོགས་གཙོ་ཚོགས་གཞོན་བཅས་ནས་སྙན་ཞུའི་ཕྱག་ཡིག་བཅས་འབུལ་གནང་། མང་ཚོགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་པ་དང་བདེན་ཚིག་སྨོན་ལམ་བཅས་གསུང་རྗེས་སྐད་འབོད་མུ་འཐུད་གནང་ཡོད་པ་རེད།

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 6 སྡོམས་རོགས།