སུད་སི་གྲོང་ཁྱེར་འཛུ་རིག་ཏུ་མི་མང་ ༥༠༠ ལྷག་འདུ་འཛོམས་ཐོག་ཞི་རྒོལ་དང་མར་མེ་ཁྲོམ་སྐོར་གནང་ཡོད།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཚོན་ཆེད་འཛམ་གླིང་ཁྱོན་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གནང་གི་ཡོད་པ་བཞིན་འདི་ག་སུད་སི་ས་གནས་འཛུ་རིག་ཝེརཏ་མུན་ཙི་པ་ལ་ཙི་ཞེས་པར་དགོང་དྲོའི་ཕྱག་ཚོད་ ༦་་༣༠ཐོག་མི་མང་འདུ་འཛོམས་གནང་ནས་རྒྱ་དམར་གྱི་གཞུང་ཚབ་བར་ཞི་རྒོལ་དང་མར་མེ་ཁྲོམ་སྐོར་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་སྤེལ་ཡོད་པ་རེད། ལུས་ལ་རང་ལུགས་ཀྱི་ན་བཟའ་དང་ཞལ་རས་ནག་པོ་བཅས་ཀྱི་ཆས་དགོས་དང་བདེན་ཚིག་སྨོན་ལམ་གསུང་ནས་གདུང་སེམས་མཉམ་སྐྱེས་ཀྱི་རྣམ་པ་ཤུག་ཆེ་སྟོན་གནང་ཡོད་པ་རེད།མི་མང་༥༠༠ལྷག་ཞི་རྒོལ་དུ་མཉམ་ཞུགས་གནང་བ་དེས་རྒྱ་ནག་གཞུང་གིས་ཧམ་བཤད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་དེ་དྲང་བདེན་རྩ་བ་ནས་མིན་པར་བརྟེན་དྲང་བདེན་ལ་དགའ་བའི་རྒྱལ་སྤྱིའི་མང་ཚོགས་ཀྱིས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད་པའི་རྣམ་པ་གསལ་པོ་བསྟན་པ་ཞིག་ཆགས་ཡོད་པ་དང་། རྒྱ་དམར་གྱི་གཞུང་ཚབ་མདུན་མི་མང་ཚོགས་གཞོན་དང་སུད་བོད་མཐུན་གྲོགས་ཀྱི་ཚོགས་མི་ཡོ་རོབ་གཞུ་ནུའི་མཐུན་ཚོགས་དང་སུད་སི་བོད་ཀྱི་བེུད་ཚོགས་གཙོ་བཅས་ནས་གསུང་བཤད་གནང་། གཞུང་ཚབ་ལ་སྙན་ཞུ་འབུལ་བ་འདི་མང་ཚོགས་ལ་ལྗགས་ཀློག་གནང་པ་དང་། མང་ཚོགས་ནས་བདེན་གསོལ་སྨོན་ཚིག་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་ནས་མཇུག་སྒྲིལ་གནང་ཡོད་པ་རེད།འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།