ས་སྐྱ་༸གོང་མ་རིན་པོ་ཆེས་དྲག་པོ་གསུམ་སྦྲེལ་གྱི་བཀའ་དབང་གནང་སོང།

ལོ་ཤས་གོང་ནས་ས་སྐྱ་གོང་མ་རིན་པོ་ཆེར་ཡོ་རོབ་ནང་གི་སྔར་འགྱུར་རྙིང་མའི་ཆོས་ཚོགས་རིག་འཛིན་འདུས་སྡེ་དང་ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀས་གནང་བ་སྩལ་ནས་ཟླ་འདིའི་ཚེས་༤ཉིན་འདི་གར་སུད་སིར་ཞབས་སོ་འཁོད་ཡོད་པ་དང། ཐོག་མར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཀྱི་དབུ་འཛིན་ནམ་མཁའ་རིན་པོ་ཆེ་དང། ས་སྐྱའི་མཁན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེ་སོགས་ཀྱི་གནམ་ཐང་ནས་ཕེབས་བསུ་དང་དང་བཅས་རིག་འཛིན་འདུས་སྡེའི་ཆོས་ཚོགས་སུ་ཞབས་སོ་འཁོད་པ་དང་། ཆོས་ཚོགས་དེར་ཉིན་ཤས་རིང་བཞུགས་ནས་ཕུར་པ་རྡོ་རྗེ་གཞོན་ནུ་སོགས་ཀྱི་བཀའ་དབང་དང་། ཕྱི་གླིང་བ་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་མན་ཙམ་ཞིག་ལ་བཀའ་སློབ་བཅས་ལེགས་པར་གྲུབ་མཚམས་ས་སྐྱའི་བརྩེ་ཆེན་ཆོས་ཚོགས་སུ་ཞབས་སོ་འཁོད་པ་དང་། ཆོས་ཚོགས་དེས་གསོལ་འདེབས་ཞུས་པའི་མཛད་རིམ་ཁག་རིམ་པས་གྲུབ་ནས། ཟླ་འདིའི་ཕྱེ་ཚེས་༡༧ཉིན་སུད་སིའི་མངའ་སྡེ་ཆེ་ཤོས་Zurichནང་བོད་རིགས་གཙོ་བོར་གྱུར་པའི་དད་ལྡན་མི་མང་སྟོང་ཕྲག་གསུམ་ཙམ་ཞིག་ལས་དྲག་པོ་གསུམ་སྦྲེལ་ལམ་རྟ་ཕྱག་ཁྱུང་གསུམ་གྱི་བཀའ་དབང་གནང་སོང། བཀའ་དབང་གྲུབ་མཚམས་རིན་པོ་ཆེས་མི་མང་ལ་བཀའ་སློབ་གནང་དོན། མི་མང་ལ་འཚམས་འབྲེལ་གནང་བ་དང་འབྲེལ་སྤྱིར་སྟངས་ང་ཚོས་མི་བསླུ་བ་དཀོན་མཆོག་གསུམ་ལ་གསོལ་བ་བཏབས་ཡ་དེ་གལ་ཆེན་པོ་ཞིག་རེད་མོད། གཙོ་བོ་སོ་སོར་རང་ཉིད་ཀྱི་དཀའ་ལས་རྒྱག་དགོས་ཀྱི་རེད་ཅེས་དང། དུས་སྐབས་འདིར་སྤྱིར་འཛམ་བུ་གླིང་པ་ཡོངས་དང་ལྷག་པར་དུ་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་གཟོད་པ་དཀའ་ཡི་གནས་སྟངས་འདི་འདྲ་བ་ཞིག་ཏུ་སླེབས་ཚེས་ང་ཚོས་གང་ཐུབ་ཐུབ་དེ་བྱེད་དགོས་པ་མ་ཚད། ༸གོང་ས་མཆོག་གི་བཀའ་དགོངས་བཞིན་ས་ཆ་གང་འདྲ་ཞིག་ཏུ་གནས་དགོས་ཀྱང་བོད་མི་རིགས་ཀྱི་མཐུན་མིན་གྱི་གཤིས་ཀ་ཡ་རབས་སྤྱོད་བཟང་བྱེད་ཡ་དེ་ཚོ་འདོར་མི་ཉན་རྒྱུ་དེ་གལ་ཆེན་པོ་ཞིག་རེད་ཅེས་གསུངས་སོང། བཀའ་དབང་གྲུབ་མཚམས་མི་མང་ལ་མཇལ་ཁ་གནང་སོང་། བཀའ་དབང་དེའི་གོ་སྒྲིག་གཙོ་བོ་ས་སྐྱའི་མཁན་ཆེན་ཤེས་རབ་རྒྱལ་མཚན་རིན་པོ་ཆེའི་ཆོས་ཚོགས་ནས་གནང་འདུག་ཀྱང་སུད་སི་དང་ལེཀཊན་ཤེ་ཏྲན་བོད་རིགས་མི་མང་ནས་ཕྱག་རོགས་གནང་ཡོད་འདུག།། ཕྱི་ཚེས་༡༨ཉིན་སྐྱབས་མཆོག་༸གོང་མ་རིན་པོ་ཆེ་གང་ཉིད་(ཕེརན་སེ་)ལ་ཕེབས་རྒྱུ་དང།  དེའི་རྗེས་(སེ་པན)དེ་ནས་ཡོ་རོབ་ཕྱོགས་ཀྱི་མཛད་རིམ་ཁག་གྲུབ་མཚམས་(ཨ་རི་)ལ་ཕེབས་ཡ་ཡིན་འདུག་པ་མ་ཚད་འདི་ལོར་རིན་པོ་ཆེ་གང་ཉིད་ཕྱི་གླིང་གི་ཆོས་ཚོགས་ཁག་ནང་ཟླ་བ་གསུམ་ཙམ་ཞིག་གི་རིང་ལ་མཛད་འཕྲིན་སྐྱངས་ཡ་རེད་འདུག ། སུད་སི་ནས་་་་་སྟག་ལྗོངས་འཆི་མེད་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།