ས་གནས་ཧོར་གྷན་བོད་རིགས་མི་མང་ནས་ཚེ་འདས་རྒྱལ་གཅེས་དཔའ་གཉིས་ཀྱི་ཆེད་བསྔོ་སྨོན་ཞུས་པ།

ཟླ་བ ༣ ཚེས་ ༦ ཉིན་ས་གནས་ཧོར་གྷན་བོད་རིགས་མི་མང་ནས་ཚེ་འདས་དམ་པ་རྒྱལ་གཅེས་དཔའ་བོ་གྲྭ་སྐལ་བཟང་དབང་འདུད་ལགས་དང་རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱི་ཆེད་བསྔོ་སྨོན་རྗེས་དྲན་ཞུས་པ་དང་།

ཐོག་མར་ས་གནས་ཀྱི་མི་འཐུས་ཟླ་བ་ནོར་བུ་ལགས་ནས་མང་ཚོགས་མཉམ་འཛོམས་ཀྱི་ཐུགས་སྨོན་ཞུས་དགོས་པའི་གནས་དོན་ཁག་དང་ དེ་བཞིན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམ་པས་རང་སྲོག་རྩ་ཆེན་དེ་མཆོད་མེར་འབུལ་དགོས་པའི་གནས་དོན་ཁག་གསལ་བཤད་གནང་རྗེས་ སྐྱབས་འགྲོ་སེམས་བསྐྱེད་ཐོག་ སྤྱན་རས་གཟིགས་ཀྱི་བསྟོད་པ་དང་མ་ཎི་ཡིག་དྲུག་གྲངས་གསོག་བཟང་སྤྱོད་སྨོན་ལམ་དང་བྱམས་པའི་སྨོན་ལམ་དེ་བཞིན་བདེན་གསོལ་སྨོན་ལམ་བཅས་གསུང་གནང་མཛད་ཡོད། ཚོགས་ཁང་བསྟན་བློ་ནས

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།