ས་གནས་ཧོར་གྷན་དུ་བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོ་གནམ་ལོ་གསར་ཚེས་ཀྱི་དུས་སྟོན་གནང་བ།

ས་གནས་ཧོར་གྷན་བོད་རིགས་མི་མང་ནས་འདི་ལོའི་བོད་ཀྱི་ལོ་གསར་དུས་སྟོན་དེ་ཕྱེས་ཚེས་ ༢༢ རེས་སྤེན་པའི་ཉིན་ས་གནས་ཧོར་གྷན་གྱི་ཁྱིརག་གྷེམན་སྡེའི་ཚོགས་ཁང་ནང་སྲུང་བརྩི་ཞུས་ཡོད་པ་རེད།
སུད་སི་གནས་ཁག་མང་ནས་ཕྱི་ནང་སྐུ་མགྲོན་ཁག་དང་མི་མང་༣༠༠ལྷག་མཉམ་འཛོམས་གནང་ཡོད་པ་རེད།སྐུ་མགྲོན་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པ་དང་། མི་མང་ཚོགས་གཙོ་ཚོགས་གཞོན། ས་གནས་གཞུང་གྷེམན་སྡེའི་སྐུ་ཚབ་ཚོགས་མི་བཅས་ཕེབས་ཡོད། ཐོག་མར་ཧོར་གྷན་བོད་སློབ་ནས་བཀྲིས་གཞོལ་པ་འཁྲབ་སྟོན་གནང་བ་དང་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་།རྒྱལ་གཅེས་ལྷག་བསམ་ཅན་གྱི་སྤུན་ཟླ་དམ་པ་རྣམ་པའི་ཆེད་ངག་བཅད་གནང་བ་དང་ཞལ་འདོན་སྨོན་ལམ་བཅས་གསུང་གནང་མཛད།ས་གནས་ཧོར་གྷན་བོད་སློབ་དང་ཟློས་གར་བཅས་ནས་གཞས་སྣ་ཁག་གཟིགས་འབུལ་ཞུས། བོད་ཟས་རྩམ་པས་སྤགས་གཡོ་བ་དང་ ཁབ་ཀྱི་རྗེས་སུ་སྐུད་པ་འགྲོ་རྒྱུ་དང་དེ་བཞིན་ བོད་ཀྱི་འཁྱོ་གའི་ཕྱུ་པ་གོན་མགྱོགས་ཀྱིས་འགྲན་སྡུར་བཅས་གནང་ཡོད། རིམ་བཞིན་གཞས་སྣ་ཁག་གཟིགས་འབུལ་ཞུས་པ་དང་ཐུགས་རྗེ་ལེགས་འབུལ་ཁག་གནང་ནས་ལོ་གསར་གྱི་དུས་སྟོན་མཇུག་སྒྲིལ་ཞུས།། ཚོགས་ཁང་བསྟན་བློ་ནས། འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།