ས་གནས་སྦ་སལ་ཚོགས་ཆུང་གིས་ཞི་བདེ་གཟེངས་རྟགས་དུས་ཆེན་སྲུང་བརྩི་གནང་བ།

་༢༠༡༦ ཟླ་བ་ ༡༢ཚེས་ ༡༧ ཉིན། སྔར་རྒྱུན་ལྟར་འདི་ག་ས་གནས་སྦ་སལ་ཚོགས་ཆུང་གིས་སྤྱི་ནོར་༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཉེར་བདུན་འཁོར་བའི་དུས་ཆེན་གཏོང་གནང་ཡོད་འདུག

གོང་ཚེས་ཉིན་ཕྱག་ཚོད། ༡༤།༠༠།ཐོག་མཛད་རིམ་དབུ་མཛུགས་གནང་ནས་ཐོག་མར་སྤྱི་ནོར་༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་མཇལ་དར་སྒྲོན་གནང་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གསུངས་གནང་སོང་། བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་སོང། དེ་ནས་ས་གནས་ཚོགས་གཙོ་བཀྲ་ཤིས་བསམ་འགྲུབ་ནས་དུས་ཆེན་དང་འབྲེལ་བའི་གསུངས་བཤད་གནང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་གཞུང་གཞས་དང་ཞབས་བྲོ་གླུ་གཞས་སོགས་མཛད་རིམ་ནང་མི་མང་བརྒྱ་ལྷག་མཉམ་བཞུགས་གནང་འདུག། དགོང་མོ་ཕྱག་ཚོད་ ༢༢།༠༠།ཐོག གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་སོང་། 

གནས་ཚུལ་མཁོ་གཏོང་པ། ས་མཐུས་བཀྲ་ཤིས་བསམ་འགྲུབ། 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།