༈ སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་ ༡༥ པ་དང་ ༡༦ ས་གནས་འཐུས་ཚོགས་ཀྱི་གསར་རྙིང་རྩིས་སྤྲོད་རྩིས་ལེན་སོགས་ཁམས་དྭང་བྱུང་བ།

དེ་ཡང་ཕྱི་ཟླ་ ༣  ཚེས་  ༢༨  ཉིན་ཛུས་རིག་མི་མང་ལས་ཁུངས་ནང་ཞོགས་པ་ཚོུད་  ༩་་༣༠  ཐོག་རྒྱུན་ལས་རྙིང་པ་རྣམས་ལྷན་འཚོགས་ཀྱིས་སྦ་སལ་དུ་ཆིབས་བསྒྱུར་དངུལ་རྩིས་སྐོར་སོགས་གྲོས་ཆོད་གཏན་འབེབས་ཟིན་པ་དང་།  དེ་ནས་སྐབས་ ༡༦ ས་འཐུས་གསར་པ་རྣམས་ཕེབས་བསྟུན་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས་ལས་རིམ་ངོ་སྤྲོད་དང་གསལ་བཤད་དགོས་མཁོ་ཁག་ཅིག་གནང་།  ༧གོང་ས་མཆོག་སྦ་སལ་དུ་ཆིབས་བསྒྱུར་སྐབས་ཀྱི་དངུལ་རྩིས་མུ་མཐུད་མཇུག་སྐྱོང་གནང་བཞིན་ཡོད་ལ།  དེ་སྐོར་རྩིས་ཁྲ་དང་བཅས་རྗེས་སུ་གསལ་བསྒྲགས་ཁམས་དྭང་ཡོང་རྒྱུའི་ཐད་གལ་ཆེར་སོང་དེ་ལྟར་གནང་རྒྱུ་ཡིན་པ་བཅས་གསུངས།   སྐབས་ ༡༦  ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས།  ས་འཐུས་རྣམ་པར་གུས་བསུ་དང་བཅས་ཕན་ཚུན་རྩིས་སྤྲོད་རྩིས་ལེན་གྱིས་ལས་དོན་ཐོག་དོ་འཁུར་ཆེ་བཞེས་དགོས་པ་དང་།  ཚང་མས་བོད་ཀྱི་གནས་བབ་ལ་གཞིགས་པའི་ཐུགས་གནང་ཆེ་བཞེས་གནང་གལ་འབོད་བསྐུལ་དང་སྦྲགས་སྐབས་ ༡༥ པའི་ས་འཐུས་རྣམ་པར་ཚོགས་གཙོ་སྦྲེལ་པོས་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ།  ཚོགས་གཞོན་བསམ་པ་ལགས་ནས་གནས་ཚུལ་ཁག་ཅིག་འབྲེལ་བརྗོད་གནང་བསྟུན་ཚོགས་གཙོ་རྣམ་གཉིས་ནས་ས་འཐུས་རྣམ་པར་བཀྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ།  དེ་ནས་རང་རང་ལས་འགན་དང་འབྲེལ་བབ་གསལ་བཤད་དང་སྤྲོད་ལེན་གཙང་མ་གནང་ཟིན་པ་དགོས་གལ་བཅས།  ད་ནས་སྐབས་ ༡༦  པའི་འཐུས་ཚོགས་ཀྱིས་འགན་དབང་གཙང་བཞེས་གནང་ཐུབ་པ་བཅས་ཀྱི་གནས་ཚུལ་གསལ་བསྒྲགས་སུ།  སྐབས་ ༡༥/༡༦ བོད་དྲུང་ཐོུང་ནས།  ༢༠༡༥  ཕྱི་ཟླ་ ༣  ཚེས་  ༣༠  ཉིན་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།