ས་གནས་ཕོལ་ཁེདསི་ཝིལ་ཚོགས་ཆུང་གིས་སུད་སི་གྲོས་ཚོགས་འཐུས་མིར་བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་བ།


ཕྱི་ཟླ་༨་ཚེས་༢༤ ཉིན་ས་གནས་འཐུས་མི་ཤྭ་བ་ཚེ་རིང་དོན་གྲུབ་དང་རྒྱུན་ལས་རབ་རྒྱལ་ཐུབ་བསྟན་ལགས།   ས་གནས་བོད་མིའི་སྐུ་ཚབ་རྫ་སྤྲུལ་ཚང་ཚེ་རིང་དབྱངས་འཛོམས་ལགས་བཅས་ནས་སུད་སི་གྲོས་ཚོགས་འཐུས་མི་ལྕམ་རོསི་མ་རི་ཁོ་བ་སྡ་རན་ཏི་༼Frau Rosmarie QuadrantiNationalrätin BDP Volketswil ཆབ་སྲིད་ཚོགས་པ་༽སར་བཅར་ནས་སྐར་མ་བཞི་བཅུ་ལྷག་གི་རིང་སུད་སི་དང་། ལིཀ་ཏེན་སིཊཡན་མི་མང་འཐུས་ཚོགས་ནས་གཏན་འབེབས་ཞུས་པའི་བོད་དོན་ཞུ་ཡིག་འབུལ་ལམ་དང་སྦྲགས་ནང་དོན་འགྲེལ་བརྗོད་དང་བོད་ཀྱི་རྩ་དོན་དང་རྫ་དྲག་གནས་བབས་ལ་ཐུགས་སྣང་དང་རྒྱབ་བསྐྱོར་མུ་མཐུད་ཡོང་བ་མ་ཟད།
 
༧གོང་ས་མཆོག་སུད་སི་གྲོས་ཚོགས་སུ་གཞུང་འབྲེལ་གདན་ཞུ་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་བྱུང་བར་ཁོང་གིས་ཐུགས་སྣང་ཆེན་པོས་གསན་བཞེས་དང་གང་ཐུབ་འབད་རྩོལ་གནང་རྒྱུའི་ཞལ་བཞེས་གནང་བ་བཅས་ལས་དོན་གང་ལེགས་བྱུང་བའི་གནས་བསྡུས་སུ་ས་འཐུས་ཤྭ་བ་ཚེ་རིང་དོན་གྲུབ་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སྡོམས་རོགས།