ས་གནས་གྷེ་ལ་རུ་སི་ཚོགས་ཆུང་གི་དུས་འཛོམས་དུས་ཆེན་གྱི་གནས་ཚུལ།

ལོ་ལྟར་བཞིན་ས་གནས་གྷེ་ལ་རུ་སི་དུས་འཛོམས་དུས་ཆེན་ཕྱི་ལོ་་༢༠༡༠ ཟླ་་༡༢ཚེས་ ༢༥ དང་ ༢༦ཉིན་གཉིས་རིང་གྷེ་ལ་རུ་སི་ས་ཆ་རུ་ཏི་ཚོགས་ཁང་་"Mehrzweckhalle"Rüti (GL) ནང་ཚུགས་པ་དང་། དེའི་ཉིན་སྐུ་མགྲོན་གཙོ་བོ་ཡུ་རོབ་སྤྱི་འཐུས་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས་དང་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་ལགས་དང་སུད་སི་དང་ལེཀ་ཊེནསྤྲཡན་བོད་རིགས་མི་མང་གི་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་སྒོ་སྤེ་ཡོན་ཏན་ལགས་བཅས་ཕེབས་གནང་བ་དང་།སློབ་ཕྲུག་རྣམས་པའི་ཡིག་ཚད་ཀྱི་ཨང་རིམ་བྱ་དགའ་དང་ལེགས་དར་བཅས་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ལགས་ནས་གསོལ་རས་གནང་། དེའི་རྗེས་མཛད་གཙོ་རྣམ་པས་གསུང་བཤད་གནང་། བཞེས་ལག་རྗེས་སློབ་ཕྲུག་ཚོས་ཞབས་བྲོ་དང་རྒན་པ་རྣམས་ནས་གླུ་གཞས་དང་ས་གནས་ས་གནས་གཡུ་མཚོ་བེུད་ཚོགས་པ་བཅས་ནང་ཞབས་བྲོ་འཁྲབ་གནང་བ་དང་།དེའི་རྗེས་གཡག་འཁྲབ་སྟོན་གནང་བས་རྒན་གཞོན་དང་ལྷག་པར་ཕྲུ་གུ་རྣམས་དགའ་བོ་དང་བློ་ཚིམ་པར་བྱུང་བ་དང་།མཐའ་མར་རྩེད་མོ་བིངྒོ་བརྩེད་རྗེས་རྒན་གཞོན་ཚང་མས་ལྡིང་ཆའི་སྒང་དུ་གོར་གཞས་ནམ་ཕྱེད་བར་རོལ་ནས་ཉིན་དང་པོའི་མཛད་རིམ་རྫོགས་པ་ལའོ།
ཉིན་གཉིས་པར་ས་གནས་ས་གནས་གཞོན་ནུ་རང་དབང་སྡེ་ཚན་བཅས་རྩེད་མོ་དཔེ་གསར་ཞིག་གྲ་བསྒྲིག་ཞུས་ཏེ་དེའི་ནང་བོུ་རྒན་པ་ལྔ་དང་བུ་རྒན་པ་ལྔའི་བར་རྩེད་འགྲན་གནང་སྟེ་མཐའ་མར་བུ་ལ་རྒྱལ་ཁ་ཐོབ་པ་དང་། ཕྲུ་གུ་རྣམས་ལ་རྩེད་མོ་ཁག་གཉིས་གྲ་སྒྲིག་གནང་བས་ཕྲུ་གུ་རྣམས་ཤིན་ཏུ་དགའ་བོ་བྱུང་སོང་། དེ་ནས་ས་གནས་རང་དབང་གཞོན་ནུ་ནས་མི་མང་ལ་གློག་བརྙན་ཐུང་ཙམ་གཟིགས་འབུལ་གནང་བས་བརྗོད་གཞི་ནི་་་་མངོན་དུ་མ་གྱུར་བ་་་་ཞེས་པ་དོན་ནི་སུད་སི་ནང་སོ་སོ་རྒྱལ་ཁབ་དོན་དུ་ལས་དོན་དང་སྐད་འབོད་རིགས་ལ་བོད་མི་མང་པོ་མངོན་དུ་མ་གྱུར་བའི་རྣམ་པའི་སྐོར་རེད། གངས་ལྗོངས་ཀྱི་ཐོུང་མ་ཡིན་པའི་རྩེད་མོ་ཤོ་འགྲན་བསྡུར་ནང་མི་གྲངས་ ༡༩
ཡོད་པས་མཐའ་མར་བྱང་ལྡན་བཟང་པོ་ལགས་ཤོའི་རྒྱལ་ཁ་ཨང་དང་པོ་ཐོབ་པ་རེད།
གང་ལྟར་སྤྱི་ཡོངས་རྒན་གཞོན་ཚང་མ་དགའ་དགའ་སྤྲོ་སྤྲོ་ངང་ལྷན་འཛོམས་དུས་ཆེན་རྒྱལ་ཁའི་ངང་གྲོལ་བ་ལགས་སོ།།།འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 9 སྡོམས་རོགས།