རོ་ཀོན་ཚོགས་ཆུང་ལ་མཁན་རིན་པོ་ཆེ་མཆོག་དང་སྐུ་ངོ་དོན་གཅོད་མཆོག་ཕེབས་པ།

དེ་རིང་རེས་གཟའ་སྤེན་པའི་ཉིན་རྒྱབ་ཚོུད་དང་པོ་ནས་ལྔ་པའི་བར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྤྱི་པའི་སྒྲིག་འཛུགས་ཀྱི་བོད་ཀྱི་ནང་ཆོས་དང་བོད་དོན་སློབ་གསོའི་ལས་འཆར་གྱི་གཞིར། ས་གནས་རི་ཀོན་ཚོགས་ཆུང་གི་མི་འཐུས་ལྷག་པ་ལགས་དང་སྤྱི་མི་དགེ་ལེགས་ལགས། དེ་བཞིན་ཚོགས་ཆུང་གི་རྒྱུན་ལས་རྣམ་པའི་གོ་སྒྲིག་འོག    ས་གནས་ཚོགས་ཆུང་གི་མི་མང་ལྔ་བཅུ་ཙམ་འཛོམས་ཐོག་ཏུ་དཔལ་ལྡན་ངུར་སྨྲིག་འཛིན་པ་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་།   ས་གནས་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་འགྲུབ་ལགས་གཉིས་ནས་མི་མང་རྣམས་ལ་ནང་ཆོས་སྐོར་དང་བོད་མིའི་ཆབ་སྲིད་ཐོག་གསུང་བཤད་གཟབ་རྒྱས་གནང་བ་དང་།   དེ་བཞིན་བོད་ཀྱི་ནང་ཆོས་དང་བོད་དོན་སློབ་གསོའི་ལས་འཆར་གྱི་ཚོགས་མི་བཀྲིས་བསོད་ནམས་ལགས་ངོ་བཅར་གྱིས་མ་འོངས་གཞོན་སྐྱེས་མང་བ་འཛོམས་གལ་ཆེ་བའི་གསུང་བཤད་གནང་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 3 སྡོམས་རོགས།