ཕྱི་ཟླ་ ༦ ཚེས་ ༢༧ ཉིན་འཛམ་གླིང་རྒྱལ་སྤྱིའི་འཐུས་མི་བོད་ནང་གི་གནས་སྟངས་ལ་གཟིགས་སྐོར་ཕེབས་དགོས་པས་འབོད་སྐུལ་གྱི་ལས་འགུལ་ འཐེང་གཉིས་པ་དེ་སྤེལ་བ།

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་ལོ་དུས་གཉིས་རིང་ཟླ་རེ་རྟག་པར་ཇི་སྲིད་འཛམ་གླིང་རྒྱལ་སྤྱིའི་འཐུས་མི་བོད་ནང་གི་གནས་སྟངས་ལ་གཟིགས་སྐོར་དུ་མ་ཕེབས་བར་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་བཞིན་ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ཆོས་ཕྱོགས་ཀྱི་ཐོག་ནས་སུད་སི་ས་གནས་ཚོགས་ཆུང་རི་ཀོན་དང་འཐུར་པན་ཐལ་གཉིས་ཀྱི་ཚོགས་ཆུང་ནས་མི་མང་ ༤༠ ལྷག་ནས་ལས་འགུལ་གཉིས་པ་དེ་ཕྱག་ཚོད་ ༡༡་་༣༠ ནས་ ཉིན་རྒྱབ་ཕྱག་ཚོད་ ༡༦་་༠༠་བར་སྤེལ་གནང་ཡོད་པ་རེད།
གནམ་གཤིས་ཚ་དྲོད་ཆེ་བས་རྐྱེན་གྱི་ལས་འགུལ་བ་རྣམས་ལ་སྐུ་ངལ་བྱུང་ཡོད་ཀྱང་རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་དགེ་འདུན་རྣམ་པས་དབུས་༸རྒྱལ་བའི་ཞབས་བརྟན་གསུང་པ་དང་གཡས་གཡོན་མི་མང་རྣམ་ལ་བོད་དོན་ཆེད་ས་ཡིག་འསྡུ་རུབ་ཞུས་པ་སོགས་ཀྱིས་ལས་འགུལ་རྒྱ་ཆེ་གནང་ཡོད་པ་དང་ཐ་དོན་ས་ཡིག་འསྡུ་རུབ་ཞུས་པ་ཁག་འཛམ་གླིང་རྒྱལ་སྤྱིའི་ལས་ཁུངས་ལ་འབུལ་གནང་ནས་བོད་ནང་འགྲོ་བ་མིའི་ཐོབ་སྟངས་དགོས་པ་བཞིན་ཆོས་ལུགས་རང་དབང་དགོས་པ་སོགས་ཀྱི་དགོས་དོན་གསལ་པོ་བཀོད་ཡོད་པ་རེད་འདུག འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།