ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས ༤ རེས་གཟའ་ཉི་མའི་ཉིན་སུད་སི་ས་གནས་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་སྐབས་མི་མང་ ༤༠༠ ལྷག་སྐོར་ནས་མཉམ་བཞུགས་གནང་པ།

ས་གནས་འཇི་ཎི་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་མི་མང་རྣམ་པ་ཉིན་རྒྱབ་ཆུ་ཚོད་ ༡༣།༣༠ ཐོག་ལྷན་འཛོམས་ཀྱིས་སྣུམ་འཁོར་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་པ་ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་མཆོག་ཕེབས་དགུག་ཞུས་པའི་རིང་ད་རིང་བོད་ནང་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་འདས་གྲོངས་སུ་ཕྱིན་འདུག་པས་གནས་ཚུལ་མང་ཚོགས་ལ་གསལ་བཤད་གནང་སོང་།རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་དབུ་མཛད་ནས་མང་ཚོགས་ནས་མ་ཎི་ཡིག་དྲུག་བསོགས་གནང་མཛད། བདེན་པའི་མེ་ལྕེ་སྐོར་སྐྱོད་པ་ཕེབས་འབྱོར་སྐབས་གཡས་གཡོན་དུ་མི་མང་གི་ཟློས་གར་དང་མི་མང་ནས་རུ་སྒྲིག་ཐོག་ཕྱག་ཏུ་བོད་ཀྱི་རྒྱལ་དར་བསྣམ་ནས་རྔ་སྒྲ་སྒྲོག་བཞིན་ངང་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། མེ་ལྕེའི་མཚོན་རྟགས་དེ་འཇི་ཎི་བ་གྲོང་སྡེའི་སྤྱི་ཟུར་སྐུ་ཞབས་ ༼རེནེ་ཎེ་ལོང་རྗེ་༽མཆོག་གི་ཕྱག་ལ་རྩིས་འབུལ་ཞུས་ཡོད།མི་མང་ཟློས་གར་ནས་དབུ་འཁྲིད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་རིམ་བཞིན་སུད་སི་མི་མང་ཚོགས་གཙོ་མཆོག་དང་ ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་དབང་ཆེན་མཆོག  འཇི་ཎི་བ་གྲོང་སྡེའི་སྤྱི་ཟུར་སྐུ་ཞབས་ ༼རེནེ་ཎེ་ལོང་རྗེ་༽མཆོག སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་ ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་དང་སུད་སི་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་བཅས་ནས་དུས་དྲན་དང་འབྲེལ་བའི་གསུང་བཤད་ཁག་གནང་། གཞུང་འབྲེལ་ཡིག་ཐོག་ཡོད་པའི་ཚིག་དོན་ལྟར་ཞི་བའི་སྐད་འབོད་གནང་བ་དང་དགེ་འདུན་རྣམ་པས་དབུ་འཁྲིད་བདེན་ཚིག་སྨོན་ལམ་སོགས་ཞལ་འདོན་ཁག་གནང་རྗེས་མི་མང་ཚོགས་གཙོས་མཇུག་བསྡོམས་གསུང་བཤད་དང་ཆབས་ཅིག་དེ་ཉིན་གྱི་ཞི་རྒོལ་ལས་རིམ་མཇུག་སྒྲིལ་གནང་སོང་། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 3 སྡོམས་རོགས།