ཟླ་འདིའི་ཕྱི་ཚེས་༡༥ཉིན་སུད་སིའི་རྒྱལ་ས་(བྷེརནེ་)དུ་ཕྱོགས་སྡོད་བོད་རིགས་ཁ་ཤས་མཉམ་འཛོམས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱི་སྒོ་འགྲམ་དུ་ངོ་རྒོལ་སྐད་འབོད་ཞི་རྒྱ་ཆེ་བ་ཞིག་གནང་འདུག།།

སྔ་དྲོ་ཕྱག་ཚོད་༡༡་ཐོག་རྒྱ་ནག་གཞུང་ཚབ་ཀྱི་སྒོ་ཁར་མཉམ་འཛོམས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང། ལྷག་པར་ཉེ་བའི་ཆར་རང་ལུས་མེར་སྲེག་སྟུན་མར་བྱུང་བ་སོགས་ཀྱི་ཆེད་དུ་སུད་སིར་གནས་སྡོད་པ་བོད་རིགས་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཉི་ཤུ་ལྷག་ཙམ་ཞིག་གིས་ས་གནས་གཞུང་གིས་ཆོག་མཆན་མེད་བཞིན་དུ་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་སོང་ནས་ཕྱག་ཚོད་གཉིས་མན་ཙམ་གྱི་རིམ་ལ་ངོ་རྒོལ་སྐད་འབོད་དང། ལས་འགུལ་སྣེ་འཁྲིད་པས་འཇར་མན་གྱི་སྐད་ཐོག་ནས་འཚོ་ཤུགས་ཆེན་པོའི་ངང་ནས་གཏམ་བཤད་ཀྱང་གནང་སོང། གཏམ་བཤད་སྐབས་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་བཞིན་རྒྱ་ནག་གི་མགོ་འཁྲིད་གསར་པ་ཚོས་ངེས་པར་དུ་འགྱུར་བ་གཏང་དགོས་པ་མ་ཚད་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཁག་གི་ཁྲིམས་སྒྲིག་ལ་མིག་དཔེ་བལྟ་ནས་བོད་ནང་གི་སྡུག་རྩུབ་ཅན་གྱི་སྲིད་ཇུས་འདི་བཞིན་མྱུར་དུ་མཚམས་འཇོགས་དགོས་པ་སོགས་ཀྱི་དོན་མཚན་ཁག་ཅིག་སྟོན་སོང། སྐད་འབོད་བྱེད་ནས་སྐར་མ་ཁ་ཤས་ལས་ཕྱིན་མེད་ཀྱང་རྒྱ་ནག་གཞུང་ཚབ་ཀྱིས་ཉིན་རྟོག་པར་ཁོ་ཚོ་བཙན་བཟུང་གཏང་དགོས་པའི་སྐད་ཆ་བཤད་འདུག་མོད། ཉིན་རྟོག་པས་བོད་མིར་དཀག་འགོག་གང་ཡང་བྱེད་མེད་པར་རྟེན་ད་དུང་མུད་འཐུད་ནས་སྐད་འབོད་གནང་ཡོད་འདུག།། སྤྱིར་གཞུང་འབྲེལ་སོགས་ཀྱི་སྐད་འབོད་གང་འདྲ་ཞིག་བྱེད་ཀྱང་རྒྱ་ནག་གཞུང་ཚབ་ཀྱི་སྒོ་ཁར་སྐད་འབོད་བྱེད་པའི་དུས་ཡུན་ཕྱག་ཚོག་གཅིག་ལས་ལྷག་པར་ས་གནས་གཞུང་གིས་གནང་མྱོང་མེད་ཀྱང་སྐབས་དེར་ཕྱག་ཚོད་གཉིས་མན་ཙམ་གྱི་རིམ་ལ་སྐད་འབོད་གནང་འདུག།། ལས་འགུལ་སྐབས་གསར་འགོད་པར་གསར་འགྱུར་སྤྲད་མཁན་དང། ཉིན་རྟོག་པར་སྐད་ཆ་བཤད་མཁན་སོགས་ཀྱང་སྔར་ནས་གྲལ་སྒྲིག་བྱེད་པ་བཞིན་ཡོད་ཚད་འདོད་བློ་ཁེངས་པོ་བྱུང་ཡོད་འདུག།། མཐར་འཇུག་དེར་། ཉིན་རྟོག་པས་མཚམས་འཇོགས་དགོས་པས་བཀའ་གཏང་སྐབས་བོད་མི་ཁག་ཅིག་གིས་ད་དུང་མུད་འཐུད་ནས་སྐད་འདོད་གནང་འདུག་མོད། ལས་འགུལ་སྣེ་འཁྲིད་པས་མ་འོང་པའི་ལམ་ཁར་སྐྱོན་མི་ཡོང་པས་ཆེད་དུ་དེ་རིང་གི་ལས་འགུལ་མཚམས་འཇོགས་གནང་རོགས་ཞེས་གསུང་སོང། གང་ལྟར་དེའི་ཉིན་མོར་ཕྱག་ཚོད་གཉིས་མན་ཙམ་གྱི་རིམ་ལ་རྒྱ་ནག་གི་གཞུང་ཚབ་དེ་བཞིན་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་སྟེ་གློག་སྒྲོན་སྤར་ནས་བསྡད་དགོས་པའི་མཚན་མོ་ཞིག་ཏུ་བསྒྱུར་ཡོད་འདུག།།་་་་་་་ས་གནས་ནས་སྟག་ལྗོངས་པ་འཆི་མེད་སངས་རྒྱས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།