ཛུ་རིག་ཏུ ༢༠༡༨ /༣/༡༢ ཉིན་ སུད་སི་བོད་ཀྱི་བུད་མེད་ཚོགས་པས་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར།

ཛུ་རིག་ཏུ ༢༠༡༨ /༣/༡༢ ཉིན་ སུད་སི་བོད་ཀྱི་བུད་མེད་ཚོགས་པས་ཞི་བའི་ཐོག་རྔམ་སྟོན་ཁྲོམ་སྐོར་དང་། ཆེད་དུ་དམིགས་པའི་མར་མེ་འབུལ་བ་སོགས་ཀྱིས། བོད་ཀྱི་རྒྱལ་ས་ལྷ་སར་བོད་ཀྱི་བུད་མེད་ཚོས་རྒྱ་ཡི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ནས་ལོ་ངོ་ ༥༩ སོང་བའི་དུས་དྲེན་སྲུང་བརྩི་ཞུས།།

ད་བར་བོད་ནང་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ནས་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་འཁྱོན་གྲངས་ ༡༥༣ རྣམས་མཚོན་ཆེད་དུ། ཛུ་རིག་གྲོང་ཁྱེར་དུ་ཡོད་པའི་པ་ར་དྷེ་པལྰཙ་ཞེས་སུད་སི་དངུལ་ཁང་དང་་དཔལ་འབྱོར་གྱི་གཟི་བརྗིད་མཚོན་པའི་ལྟི་གནས་དེར་མར་མེ་གྲངས་ ༡༥༣ འབུལ་ནས་ཞལ་འདོན་གནང་། གཞན་ཡང་ཡིག་ཆ་འགྲེམས་དཔེལ་དང་བོད་ཀྱི་ནང་ད་ལྟ་ཚབ་ཆེའི་གནས་སྟང་སྐོར་ཡུལ་མི་དོ་སྣང་གནང་མཁན་ཚོར་ངོ་ཐུག་གྲོས་མོལ་དང་སྒྲགས་སྙན་སྐུལ་ཞུས།།

བོད་རིགས་དང་བོད་དོན་རྒྱབ་བསྐྱོར་བ་འཁྱོན་ ༡༥༠ ལྷག་ཙམ་ཀྱིས་ཛུ་རིག་ཏུ་ཝེརྟ་མུས་ལེ་པལྰཙ་ཞེས་པའི་སར་ཚོུད་ ༡༨/༠༠ ཐོག་འཛོམས་རྗེས་གྲོང་ཁྱེར་བཅད་དེ་རྒྱ་ཡི་གཞུང་ཚབ་ཁང་གི་གདོང་དུ་འབྱོར་བའི་བར་དུས་དྲན་གྱི་རྔམ་སྟོན་ཁྲོམ་སྐོར་བྱས།།

རྒྱ་ཡི་གཞུང་ཚབ་ཁང་གི་གདོང་དུ་སུད་སི་དང་ ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་ལགས་དང་། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཞོན་ངོར་ཁང་གསར་ལྷ་དབང་ལགས། ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་རྒྱུན་ལས་པ་བསོད་ནམས་རྒྱལ་པོ་ལགས་བཅས་ཀྱི་གསུང་བཤད་གྲུབ་མཚམས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱི་འབོད་ཚིག་བསྒྲགས།།

རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་དབུ་ཁྲིད་དེ་ཞལ་འདོན་གནང་སྟེ་ཞི་བའི་ངང་ངོ་རྒོལ་གྲུབ།། །།

སུད་སི་བོད་ཀྱི་བུད་མེད་ཚོགས་པའི་རྒྱུན་ལས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 3 སྡོམས་རོགས།