ཛ་དྲག་གི་སྐད་འབོད་ཅིག་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་གོ་སྒྲིག་བྱས།

དེ་རིང་ཕྱི་དྲོད་ས་གནས་ཆུ་ཚོད་༡ དང་ཕྱེད་ཀའི་ཐོག་སུད་སི་དང་ལིག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་ཡོ་རོབ་བོད་ཀྱི་གཞོན་ནུ་གཉིས་ཀྱིས་གོ་སྒྲིག་འོག་མི་མང་༡༥༠ ལྷག་འདུ་འཛོམས་ཀྱི་ werdmühleplatz ནས་རྒྱ་ནག་གཞུང་ཚབ་བར་དུ་སྐད་འབོད་བྱས་སོང་།

ལས་འགུལ་འདི་ནི་བདུན་ཕྲག་ཁ་ཤས་སྔོན་བོད་ནང་ཟླ་གཅིག་གི་ནང་དུ་རྒྱལ་གཅེས་དཔའ་བོ་རྒན་བསྟན་དགའ་དང་དཀོན་པེ་ལགས་གཉིས་རང་ལུས་མེ་བསྲེགས་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པར་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ཀྱི་སྐད་ཡིག་རང་དབང་འཐབ་རྩོད་པ་བཀྲ་ཤིས་དབང་ཕྱུགས་ལགས་སུ་རྒྱལ་ནག་གི་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་ཐག་གཅོད་ཐབས་ལ་འབད་པ་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱ་ནག་གི་དྲང་བདེན་མིན་པའི་བྱ་སྤྱོད་འདིའི་རིགས་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་གཏུགས་ལས་འགུལ་ཞིག་ཡིན་འདུག

དེ་རིང་ལས་འགུལ་དུ་མཉམ་ཞུགས་གནང་མཁན་གྱི་བོད་མི་དང་བོད་དོན་རྒྱབ་སྐྱོབ་བ་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་ཚུལ་དང་། བོད་ཡིན་པ་དང་བོད་ཡིག་སྦྱོང་བ་ནི་ཁྲིམས་འགལ་མིན་ཞེས་པ་སོགས་ཀྱི་སྐད་འབོད་ཚོར་ཤུགས་ཆེན་པོས་སྐད་འབོད་གནང་སོང་།

ལས་འགུལ་འདིར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་དང་རྒྱུན་ལས་རྣམས།  སྤྱི་ཟུར་ཁག་ཅིག་དང་གཞོན་ནུའི་ཚོགས་གཙོ་གཞོན། དེ་བཞིན་བུད་མེད་ཚོགས་གཙོ། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་བཅས་འབྲེལ་ཡོད་ཚོགས་པ་ཁག་གི་མི་སྣ་མཉམ་ཞུགས་གནང་འདུག 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།