མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་དུས་གསུམ་པའི་ཉིན་དང་པོ།

༈  སུད་སིར་མ་ཧྰ་གུ་རུའི་ཚོགས་འབུམ་ཆེན་མོའི་ལོ་དུས་གསུམ་པའི་ཉིན་དང་པོ་འཚོག་པ།

༄༅། བོད་རྒྱལ་ལོ་ ༢༡༤༣ རབ་གནས་མེ་སྤྲེལ་ནག་ཟླའི་ཚེས་ ༢༨ ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༠༥ རེས་གཟའ་ཕུར་བུ་ཉིན་ཞོགས་པ་ཚོུད་ ༨ ནས་ཕྱི་དྲོ་ཚོུད་ ༡༧་་༤༥  བར་ འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདྲེན་མཆོག་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུས་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང། བསྟན་དང་འགྲོ་བའི་རླབས་ཆེན་མཛད་འཕྲིན་མཐའ་དག་གེགས་མེད་ལྷུན་གྱི་འགྲུབ་པ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་སྲོག་ཕུལ་བའི་རྒྱལ་གཅེས་སྙིང་སྟོབས་ལྡན་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་བསྔོ་སྨོན་མཆོད་འབུལ་དང་། དེ་བཞིན་བོད་སྤྱི་མཐུན་བསོད་ནམས་གོང་འཕེལ་དང་རྐྱེན་ངན་བར་ཆད་ཡོད་རྒུ་ཞི་ནས་འཕྲལ་ཡུན་དགའ་བདེའི་དཔལ་ལ་རོལ་བའི་དགེ་ཚོགས་མཐའ་དག་གི་ཆེད། སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ཀྱིས་མ་ཧཱ་གུ་རུའི་ཚོགས་འབུམ་ལོ་ལྟར་གོ་སྒྲིག་ཞུ་མུས་ལྟར། ས་གནས་མི་མང་དང། རི་ཀོན་ཆོས་འཁོར་དགོན། ཀུན་བཟང་མདོ་སྔགས་གླིང་( ཚེས་བཅུ་ཚོགས་པ་) བཅས་མཉམ་འབྲེལ་གྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༥ ནས་ཉིན་གསུམ་རིང་འཚོགས་བཞིན་འདུག་ལ།  ད་རེས་ཀྱི་དབུ་བླ་ས་སྐྱའི་མཁན་པོ་གྲགས་པ་འོད་ཟེར་རིན་པོ་ཆེ་མཆོག་གི་དབུས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་སྐྱབས་གནས་དགེ་འདུན་རྣམ་པ། སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག  ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་ཟུར་རྣམ་པ། སྐབས་བཅུ་དྲུག་པའི་ཚོགས་གཙོ་བགྲེས་གཞོན་གཙོས་ས་འཐུས་རྣམ་པ། ཚེས་བཅུ་ཚོགས་པའི་ཚོགས་མི་དང། ས་གནས་མི་མང་བཅས་མི་གྲངས་ ༣༧༠ བརྒལ་བ་འཚོགས་ཞུགས་གནང་ཐུབ་ཡོད་པའི་གནས་བསྡུས་སུ།།
བསམ་པ་དོན་གྲུབ་དང་ཙར་མ་བསྟན་འཛིན་གཉིས་ནས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 9 སྡོམས་རོགས།