བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་དང་ཚོགས་མི་གསར་བསྐོ་གནང་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ་ནས་ཉིན་གསུམ་རིང་རྡ་ས་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་འདི་བཞིན་དབུ་འཛུགས་གནང་ཡོད། དེ་ཡང་དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་བཀའ་ཤག་ཚོགས་ཁང་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ཡུ་རོབ་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་དང། རྔ་པ་ཚེ་རྒྱམ་ལགས། བོད་མི་མང་སྤྱི་ཟུར་རྨེའུ་མགོན་པོ་མཚོ་ལགས། སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས། བྱང་ཨ་རིའི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས། འཆར་འགོད་ལས་ཁུངས་ཀྱི་ཟུང་དྲུང་འབུམ་རམ་པ་དཀོན་མཆོག་བརྩོན་གྲུས་ལགས། བཀའ་དྲུང་ཡིག་ཚང་གི་ཟུང་དྲུང་འཇིགས་མེད་པ་སངས་ལགས། བཀའ་དྲུང་ཡིག་ཚང་གི་སྐལ་བཟང་ཚེ་རིང་ལགས་བཅས་ཚང་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཡོད།

ཉིན་གསུམ་གྱི་ལྷན་ཚོགས་སྐབས་གོ་བསྡུར་གནང་རྒྱུའི་གནད་དོན་གཙོ་བོ་རྣམས་ནི་ད་ལྟའི་བོད་ནང་གི་གནས་སྟངས་ཐོག་བསྐྱར་ཞིབ་ཀྱིས་གོ་བསྡུར་གནང་རྒྱུ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་ཐབས་ལམ་སོགས་ཀྱི་སྐོར་ཡིན་འདུག དེ་ཡང་ལྷན་ཚོགས་སྐབས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གསར་པ་དྲུག་གསར་དུ་བསྐོ་གཞག་གནང་བ་རྣམས་ནི་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ཕྱི་དྲིལ་དྲུང་ཆེ་བཀྲ་ཤི་ཕུན་ཚོགས་ལགས། སྤྱི་ཟུར་བསོད་ནམས་ཚེ་རིང་ཕར་སི་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་འཕགས་པ་ཚེ་རིང་ལགས། བྱང་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་བཅས་ཡིན་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྲིད་སྐྱོང་དུ་འོས་འདེམས་བྱུང་རྗེས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ནང་དང་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ནང་ལྷན་ཚོགས་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡ ནང་ལྷན་ཚོགས་གནང་ཡོད་པར་བརྟེན་ཐེངས་འདི་ནི་ལྷན་ཚོགས་ཐེངས་བཞི་པ་དེ་ཆགས་ཡོད།

དེ་ཡང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་འདི་བཞིན་འཛུགས་རྒྱུའི་དགོས་དམིགས་གཙོ་བོ་ནི། འཚེ་མེད་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་བཞིན་བོད་རྒྱ་མི་རིགས་ཕྱོགས་གཉིས་ཀའི་མོས་མཐུན་ཐོག་སེལ་རྒྱུའི་ཐབས་ལམ་དང་སྲིད་བྱུས་ཐོག་ལམ་སྟོན་རོགས་ཕན་ཡོང་ཆེད་ཡིན་འདུག བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དང་པོ་ཕྱི་ལོ་ ༡༩༩༩ ལོར་ཚོགས་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།