བོད་ནང་དུ་ད་ལྟ་སྡུག་སྦྱོང་མནར་སྐྱོད་ཚད་མེད་མེད་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ ་ZurichནསGenfབར་ཞི་བའི་གོམ་བགྲོད་བྱ་རྒྱུ་།

གུས་པའི་རེ་བ་ལ་བོད་ནང་གི་གནས་སྟངས་ཡ་ང་བ་དེ་ལ་ཁྱེད་རྣམ་པས་དོ་སྣང་དང་བསམ་གཞིགས་ མང་ཙམ་གནང་རོགས་གནང། ལོ་ངོ་ལྔ་བཅུ་ང་གཉིས་རིང་བཙན་བྱོལ་དུ་གནས་པའི་བོད་མི་རིགས་ནི་སྐྱེ་འགྲོ་ གཞན་དང་གཅིག་མཚུངས་ཀྱི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ སྟབས་ངའི་རེ་བ་ལ་མི་རིགས་སྟོབས་ཤུགས་དང་རྒྱུ་ནོར་དབང་ཐང་སོགས་གང་ལ་ཡང་མ་ བལྟས་པར་འཇིག་རྟེན་འདིའི་སྟེང་གི་འགྲོ་བ་མི་ཡི་ཐོབ་ཐང་ཞི་བས་རྩོད་ལེན་གནང་ མཁན་ཡོད་དོ་ཅོག་ལ་ཐུགས་འཁུར་དང་རྒྱབ་སྐྱོར་གནང་གལ་ཆེ་བས་ཐུགས་སྣང་དགོས་རྒྱུ།དང་ཐོག་གུས་པ་ངོ་སྤྲོད་ཙམ་ཞུས་ན་བདག་མིང་མཁར་ནང་འཕགས་པ་དང་ཤ་རུས་ བོད་ནས་མཆེད་པའི་བོད་ཕྲུག་ཅིག་ཡིན། བོད་ནང་དུ་ཆབ་སྲིད་ཀྱི་རང་དབང་བྲལ་སྟབས་ཉིས་སྟོང་བཅུ་ལོའི་ཟླ་བདུན་པའི་ནང་ སུད་སི་རུ་སྐྱབས་བཅོལ་དུ་ཡོང་བ་ཡིན། བདག་གིས་རེ་བསྐུལ་གྱི་དམིགས་ཡུལ་གཙོ་བོ་ནི་སྔོན་ལས་ད་ཆར་བོད་ནང་ཆབ་སྲིད་ ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་རྒྱ་དམར་གཞུང་གིེས་བོད་མིར་སྡུག་ སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཆོས་ལུགས་རང་དབང་དང་སྨྲ་བརྗོད་རང་དབང་གིས་ མཚོན་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་རྡོག་བརྫིས་གཏོང་བ་ལ་མཉམ་སྦྲེལ་ རྒྱལ་ཚོགས་དང་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱིས་ཟློས་གར་ལ་ཅེར་བ་ལྟ་བུའི་བདག་ལ་ ཚོར་སྣང་འབྱུང་བཞིན་མཆིས། ཉིས་སྟོང་བརྒྱད་ཀྱི་ཞི་བའི་གྱེན་ལང་ཆེན་ མོ་དང་།ཀིརྟི་དགོན་ཆེན་གྱི་སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་མཚོན་པས་རྒྱལ་གཅེས་ དཔའ་བོ་དཔའ་མོ་དག་གིས་རང་སྲོག་བློས་གཏོང་གི་ཞི་རྒོལ་གནང་བ་མ་ཟད་དཀར་མཛེས་ ཁུལ་དང་བོད་ས་ཡོངས་ནས་རང་སྲོག་འཛེམ་མེད་ངང་གཅིག་རྗེས་གཉིས་མཐུད་ཀྱི་ཞི་བའི་ ངོ་རྒོལ་གནང་བཞིན་པ་འདི་དག་གིས་འཛམ་གླིང་ཡོངས་ལ་བདེན་པའི་ར་སྤྲོད་གསལ་པོ་ བྱས་ཡོད།རྒྱ་ནག་གིས་བོད་དུ་རྒྱ་ཆེ་བའི་འཛུགས་སྐྲུན་བྱས་ཡོད་ཟེར་བ་ནི་ ངོས་ལེན་བྱ་ཐབས་བྲལ་བའི་གནད་དོན་ཞིག་ཡིན།དོན་དངོས་སུ་བོད་མི་ཡོངས་ལ་ཁེ་ཕན་ ལས་གྱོང་གུད་ཆེ་བ་འདུག།གང་ཡིན་ཟེར་ན།རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ སྦྱོང་བའི་གོ་སྐབས་མེད་པར་མ་ཟད་བཙན་དབང་གིས་རྒྱ་སྐད་དར་སྤེལ་ཆེ་རུ་གཏོང་བ་ ནི་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་གཏོང་རྒྱུ་ཇུས་ངན་ཉག་གཅིག་ཡིིན། ཐ་ན་ས་འགུལ་གྱི་གོད་ཆགས་ཐེབས་པའི་ས་ཁུལ་ལ་ཁྱིམ་གཞི་སླར་གསོ་བྱ་རྒྱུའི་ཆེད་ བོད་མི་ཕྱི་ནང་གཉིས་དང་འཛམ་གླིང་མི་མང་ཡོངས་ནས་ཞལ་འདེབས་ཕོན་ཆེན་གནང་ཡོད། འོན་ཀྱང་ཁུལ་དེའི་མི་མང་རྣམས་མཐུན་རྐྱེན་གང་ཡང་མེད་པར་ད་དུང་ཡང་གུར་ནང་གནས་ སྡོད་བྱས་ཡོད། ༧གོང་ས་མཆོག་གིས་ལྷག་བསམ་ཟོལ་མེད་ཀྱི་དབུ་མའི་ལམ་གྱི་སྟེང་ནས་བོད་རྒྱ་གཉིས་ཕན་གྱི་ཐབས་ཤེས་གནང་བ་ལ། གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་རེད་ཅེས་རྒྱ་གཞུང་ནས་ཁུང་ལུང་མེད་པའི་སྒྲགས་གཏམ་བྱས་པ་ནི་ངོས་ལེན་བྱ་ཐབས་བྲལ། བོད་ཀྱི་ངོ་བོ་དང་རིགས་གཞུང་འཇིག་ཉེན་ཆེ་རུ་འགྲོ་བར་ཁོ་བོ་བློ་ཚ བས་ཤིིན་ཏུ་ཆེ་བས་བདག་༢༠༡༡་ལོའི་ཟླ་༨་པའི་ཚེས་༨་ཉིན་གྱི་ཆུ་ཚོད་༩་དང་སྐར་མ་༩་སྐར་ཆ་༩་ཐོག་འགོ་བརྩམ་སྟེ་ ZurichནསGenfབར་ཞི་བའི་གོམ་བགྲོད་བྱ་རྒྱུ་དང་། ད་ཐེངས་ཀྱི་བདག་གིས་ཞི་བའི་གོམ་བགྲོད་འདིར་བརྟེན་རྒྱ་གཞུང་ལ་མཉམ་སྦྲེལ་རྒྱལ་ཚོགས་བརྒྱུད་ནས་གཤམ་གྱི་ཆ་རྐྱེན་རྣམས་རང་དབང་དང་ཐོབ་ཐང་ཡོངས་སུ་ལྡན་པའི་མཉམ་སྦྲེལ་རྒྱལ་ཚོགས་སུ་བསྐུལ་མ་ཞུས་པ་ཡིན།
༡༽མི་མང་གི་ཐད་ཀར་འདེམས་པའི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་རྒྱ་གཞ ུང་བར་ཞི་བའི་གྲོས་མོལ་གནང་རྒྱུ།
༢༽ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་གྲོལ་དགོས་རྒྱུ།
༣༽བོད་དུ་གསར་འགོད་རང་དབང་དང་གནས་ཚུལ་གང་ཡིན་ཡང་ཁ་གསལ་དགོས་རྒྱུ།
༤༽སུད་སི་མི་མང་གིས་རེ་འདུན་བཞིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ནང་ལ་ངེས་པར་དུ་བདེན་པའི་གནས་ཚུལ་གང་ཡིན་མིན་གཟིགས་ཞིབ་གནང་བར་ཕེབས་དགོས། 

བོད་ནང་དུ་ད་ལྟ་སྡུག་སྦྱོང་མནར་སྐྱོད་ཚད་མེད་མེད་མྱོང་བཞིན་པའི་བོད་མི་ཡོངས་ཀྱི་ཚབ་
བྱས་ ཏེ་ཉམ་ཆུང་ངའི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་འདི་སྤེལ་བ་ཡིན་པས་ཁྱེད་རྣམས་ནས་ ཐུགས་ཡངས་ཆེན་པོས་གཟིགས་ཞིབ་དང་དོན་དངོས་ཀྱི་འབྲས་བུ་ཞིག་ཡོང་བའི་རེ་བ་ཡོད།
བོད་རྒྱལ་ལོ་༢༡༣ སྤྱི་ལོ་༢༠༡༡ལོའི་ཟླ་༨པའི་ཚེ ༨ གུས་པ་མཁར་ནང་འཕགས་པ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།