བོད་དོན་བདེན་མཐའ་མྱུར་གསལ་ཡོང་ཆེད་ཞབས་རིམ་སྨིན་སྒྲུབ་གནང་བ།

ད་རིང་ཕྱི་ཟླ་ ༨ ཚེས་ ༨  རེས་གཟའ་ཕུར་བུ་ཉིན་རི་ཀོན་ཆོད་འཁོར་དགོན་དུ་ས་གནས་བོད་རིགས་མི་མང་འཐུས་ཚོགས་ནས་གོ་སྒྲིག་ཞུས་པ་བཞིན་བོད་རིགས་མི་མང་བརྒྱ་ཕྲག་བརྒལ་བ་མཉམ་འཛོམས་ཀྱིས་བཀའ་ཁྱབ་གནང་དོན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་ཤག་ལྷན་རྒྱས་མཛད་འཁུར་བཞེས་ནས་མི་ལོ་གཉིས་ཧྲིལ་པོ་འཁོར་བའི་རིང་བོད་དོན་ལྷིང་འཇགས་དང་བཅས་མཛད་པ་འཕྲིན་ལས་སྔར་ལམ་ཡར་རྒྱས་ཚག་འཚུད་ཡོད་པར་མུ་མཐུད་གནས་ཐབས་བོད་དོན་སྤྱི་རིམ་ཞབས་བརྟན་བསྒྲུབ་པ་དང་།  དེ་དང་ཆབས་ཅིག་བོད་བསྟན་སྲིད་རང་དབང་གི་ཆེད་དུ་རྒྱལ་གཅེས་སྙིང་སྟོབས་ཕུལ་དུ་བྱུང་བའི་དཔའ་བོ་དཔའ་མོ་བརྒྱ་དང་ཉི་ཤུ་བརྒལ་བའི་རང་ལུས་མེར་བསྲེག་གིས་རྒྱ་ནག་སྲིད་གཞུང་གི་དྲག་གནོན་ནོར་འཚབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་།  ༸གོང་ས་༸མཆོག་བོད་དུ་གདན་ཞུ་དགོས་པ་དང་བོད་ལ་རང་དབང་དགོས་པ་སོགས་ཞུ་འབོད་ལ་གདུང་སེམས་མཉམ་སྐྱེད་ཞུས་ནས་རྒྱལ་གཅེས་དཔའ་བོ་ཁོངས་རྣམས་བླ་མེད་རྫོགས་བྱང་འཐོབ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པ་བཅས་ཀྱི་སྨོན་འདུན་ཤུགས་དྲག་ཞུས་སོང་བའི་གནས་ཚུལ་རོབ་བསྡུས་སུ་སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།