ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༨ ཉིན་ས་གནས་ལྦེ་ལྡན་སུ་ལྦིལ་གྱིས་གོ་སྒྲིག་འོག

ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༨ ཉིན་ས་གནས་ལྦེ་ལྡན་སུ་ལྦིལ་གྱིས་གོ་སྒྲིག་འོག་ས་གནས་བོད་རིགས་མང་རྣམས་ལ་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོ་ཆེད་དུ་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་སཀུ་ངོ་དོན་གཅོད་མཆོག་རྣམ་གཉིས་ཀྱི་གསུང་བཤད་གནང་། ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་གཞི་འདི་ནི་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག་ལས་རིམ་འགྲོ་བཞིན་པར་བརྟེན། ད་ལན་ས་གནས་ལྦེ་ལྡན་སུ་ལྦིལ་མི་མང་གི་ལོ་ལྟར་དབྱར་སྐྱིད་ཀྱི་མི་མང་འདུ་འཛོམས་སཀབས་ས་འཐུས་ཤོག་ཁ་སཀལ་བཟང་འཕྲིན་ལས་ཀྱིས་གལ་འགངས་དོན་ཆེན་དུ་བརྩིས་སྟེ་གོ་སྒྲིག་གནང་། དེ་ཉིན་ཐོག་མ་བོད་ཀྱི་རྒྱལ་གླུ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སཀུ་ཚེ་བསཀལ་བརྒྱར་བརྟན་པའི་སྨོན་ལམ་དང་གཟུངས་སྔགས་བཟླས་རྗེས་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་། མཁན་པོས་ད་ལན་ནང་ཆོས་སྤྱི་ཡོངས་དང་གཞི་རིམ་གནས་དོན་ཐོག་ལ་གསུང་བཤད་གནང་རྒྱུ་བྱས། དེ་ཡང་འགྲོ་བ་མིའི་མི་ཚེ་ནང་ལུས་པོ་བདེ་ཐབས་ཆེད་ཟས་མལ་སྣ་ཚོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་དགོས་པ་བཞིན། ནང་སེམས་ཀྱི་བདེ་སྡུག་ཀྱང་སོ་སོའི་བསམ་བློ་གཏང་ཕྱོགས་ལེགས་ཉེས་ཀྱི་དབང་གིས་མྱོང་གིན་ཡོད་པར་བརྟེན་ནང་ཆོས་གཙོས་འཛམ་གླིང་ནང་ཆོས་བརྒྱུད་ཆེན་པོ་ཚང་མས་དམིགས་ཡུལ་གཙོ་བོ་ནི་མིའི་བསམ་བློའི་གནས་ཚད་གོང་མཐོར་སླེལ་ཐབས་ཆེད་དུ་ཕྱག་ལས་གནང་གི་ཡོད། ༸སྤྱི་ཚོགས་ཀྱི་ཞི་བདེ་ཀྱང་མིའི་བསམ་བློའི་བཟང་ངན་ལ་བརྟེན་ནས་ཡོང་གི་ཡོད་ཅེས་གསུངས། ལུས་སྦྱོང་ཆེད་དུ་ཡོ་ག་འམ་རྩ་རླུང་འཕྲུལ་འཕོར་འདྲ་མིན་གྱི་ཐབས་ལམ་བསྟེན་རྒྱུ་ཡོད་པ་བཞིན་ནང་སེམས་ཀྱི་ཚོར་བ་བདེ་སྡུག་ཆེད་དུ་བློ་སྦྱོང་བསྟེན་ཚུལ་དགེ་འབྲིང་བསྡུས་གསུམ་ཡོད་པའི་ནང་ནས་སྐྱིད་སྡུག་ལམ་འཁྱེར་ཞེས་པ་འདི་འཚམས་ཤོས་འདུག་ཅེས་གསུངས། མདོར་ན་ནང་ཆོས་ནི་ལྟ་སྤྱོད་གཉིས་ཀྱི་སྒོ་ནས་བསྡུས། དང་པོ་ལྟ་བ་ནི་བརྟེན་འབྱུང་གི་རིག་པ་དང་། གཉིས་པ་སྤྱོད་པ་ནི་འཚེ་བ་མེད་པ་ཡིན། ལྟ་སྤྱོད་གཉིས་ཀྱི་རྣམ་བཞག་དེ་ཡང་གཙོ་བོ་ལས་ལ་བརྟེན་ནས་འཇོག་པ་ཞིག དེ་བཞིན་ལས་ལྟ་བུ་ལ་མཚོན་ན་སྤྱི་མཐུན་ཀྱི་ལས་དང་མཐུན་མིན་གི་ལས་གཉིས་ཡོད། སྤྱི་མཐུན་གྱི་ལས་ནི་ཕྱི་འབྱུང་བའི་ཁོར་ཡུག་གི་ཆ་ནས་ཉི་ཟླ་ལ་སོགས་སྒྲུབ་ཡོད་དང་སྤྱི་ཚོགས་ཀྱི་ཆ་ནས་རྒྱལ་ཁབ་དང་ཚོགས་པ་སྐྱིད་སྡུག་འདྲ་མིན་སྒྲིག་འཛུགས་བཟང་ངན་སྣ་ཚོགས་ཤིག་སྤྱི་མཐུན་གྱི་བསོད་ནམས་ལ་བརྟེན་ནས་རགས་སླེབས་ཀྱི་ཡོད། མཐུན་མིན་གི་ལས་ལྟ་བུ་མཚོན་ན་མི་སོ་སོའི་སྒེར་གྱི་བསམ་བློ་བཟང་ངན་ལ་བརྟེན་ནས་བྱུང་གི་ཡོད་ཅེས་གསུངས། སྒེར་གྱི་ལས་དེ་ལའང་སྐྱེ་བ་སྔ་མའི་ལས་དང་ཚེ་འདི་སྣང་གི་ལས་གཉིས་ཀྱི་ནང་དུ་བསྡུས། ལས་དེ་ལའང་འགྱུར་བ་གཏང་རྒྱུ་རྩ་ནས་མེད་པ་ཞིག་མིན་ཡང་། ཕྱི་ནང་རྒྱུ་རྒྱུ་རྐྱེན་མང་པོ་ཞིག་བཅོས་པའི་ཐོག་ནས་ལས་ལ་འགྱུར་བ་གཏང་རྒྱུ་ཡོད་ཅེས་གསུངས།མཐར་ནང་པ་ཡིན་མིན་ནི་སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་ལ་བརྟེན་དགོས་པ་དང་། དེའི་ནང་སྐྱབས་གནས་དམ་པ་ནི་ཆོས་ཀྱི་དཀོན་མཆོག་ཆགས་ཀྱི་ཡོད་ཅེས་གསུངས། ཆོས་དེ་ལའང་མདོ་དང་སྔགས་གཉིས་ཡོད། མདོ་ཕྱོགས་ཀྱི་ཆ་ནས་ཐེགས་པ་རིམ་པ་མང་པོ་ཞིག་ཡོད་པ་དང་། དེའི་ནང་དབུ་མ་ཐལ་འགྱུར་གྱི་ལྟ་བ་ནི་ལྟ་བ་རྩེ་ཕུད་ཆགས་ཀྱི་ཡོད། སྔགས་ཕྱོགས་ཀྱི་ཆ་ནས་བྱ་རྒྱུད་དང་སྤྱོད་རྒྱུད་ལ་སོགས་བཞི་ཡོད་པའི་ནང་ནས་སྔགས་ཕྱོགས་བླ་མེད་ཀྱི་རྒྱུད་ནི་མཐོ་ཤོས་བརྩི་ཡི་ཡོད། དཔེར་ན་དུས་འཁོར་དབང་ཆེན་ལྟ་བུ་ནི་སྔགས་ཕྱོགས་བླ་མེད་རྒྱུད་ཀྱི་ཆོ་ག་ཉམས་ལེན་བསྟེན་ཚུལ་ཞིག་ཡིན་ཞེས་གསུངས། དེར་བརྟེན་ང་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་འབྱུང་བའམ། དེའི་ཆེད་དུ་རམས་འདེགས་སོགས་མཛད་པ་ཡིན་ན་སྤྱི་ཚོགས་ཞལ་འདེབས་ངོ་མ་ཞིག་ཆགས་ཀྱི་ཡོད་ཙང་། ཚང་མས་རང་དོན་མིང་ཙམ་མིན་པར་དོན་དངོས་ལག་ལེན་ཐོག་གནས་པར་འབད་བརྩོན་གནང་དགོས་ཞེས་འབོད་སཀུལ་གནང་བའི་ཐོག་གསུང་བཤད་མཇུག་བསྡོམས་གནང་རྗེས་དྲི་བ་ལན་འདེབས་ཀྱི་ལས་རིམ་གནང་།
ལས་ཚན་གཉིས་པ་བདོ་དོན་སློབ་གསོ་དང་འབྲེལ་བའི་ཐོག་ལ་སཀུ་ངོ་དོན་གཅོད་མཆོག་གི་གསུང་བཤད་གནང་། སཀུ་ངོས་ད་ལན་ལས་གཞི་འགྲོ་བཞིན་པ་འདིའི་འོག་ནས་ས་གནས་སུ་ངོ་བཅར་ཞུས་ཏེ་མི་མང་ལ་གཏམ་བཤད་བྱེད་རྒྱུའི་གོ་སཀབས་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སློབ་གསོའི་བརྗོད་གཞི་དང་འཚམས་པས་བཤད་དགོས་དུས་བསྟོད་བསྔགས་དང་ལེགས་ཕྱོགས་ནས་ཞུས་བསྡད་པས་ཕན་ཐོགས་མེད་པར་བརྟེན། སྐྱོན་དང་འཐུས་ཤོར་གྱིས་ཕྱོགས་ནས་ཞུ་རྒྱུའི་གནད་འགགས་སོང་ཙང་།རེ་འགར་ཕོགས་ཐུགས་ཡོང་རྒྱུར་བརྟེན་དགོངས་འགལ་མེད་པ་སྔ་ཚུད་ནས་ཞུ་རྒྱ་ཞེས་གསུངས། ད་ལྟ་བོད་ཀྱི་གནས་ཚུལ་ནི་ཤི་གསོན་གཉིས་ལས་ཤི་རྒྱུའི་ཁ་ཕྱོགས་སུ་མང་བར་བརྟེན་ཡོད། དེ་ཡང་བོད་ནང་གི་གནས་སྟངས་ནས་མཚོན་ན་བོད་ཀྱི་རིགས་གཞུང་དང་། ཡུལ་གོམས་གཤིས་ལུགས། སཀད་རིགས་དང་བཅས་པ་རྩ་མེད་ཀྱིས་རྒྱ་མིར་འགྱུར་རྒྱུའི་ལས་འགུལ་འཆར་གཞི་ལྡན་པའི་སྒོ་ནས་ལག་བསྟར་བྱེད་བཞིན་མངོན་གསལ་ཡིན། ད་ལྟ་ཉེ་བའི་ཆར་ས་ཁུངས་སྔ་བ་ཕྱོགས་བོད་མི་དགེ་འདུན་པ་ཞིག་གིས་༸གོང་ས་མཆོག་གི་སཀུ་པར་བསྣམས་ཏེ་འཚེ་མེད་ཞི་བའི་ཁྲོམ་སཀོར་གྱི་ལས་འགུལ་སྤེལ་མཁན་དེ། རྒྱ་མི་ཉེན་རྟོགས་པས་གང་སོང་ཆ་མེད་བཏང་ཟིན། དེ་མཚུངས་ཀྱིས་བོད་གཞས་དང་གསུང་རྩོམ་གྱི་ལམ་ནས་མི་རིགས་ཀྱི་ལ་རྒྱ་དང་ཆབ་སྲིད་ཀྱི་འབོད་སྒྲ་སྟོན་ཐབས་མཛད་མཁན་ཚོར་ཡང་དེ་བཞིན་སྡུག་རྩུབ་དང་དྲག་གནོན་གཏང་བཞིན་ཡོད། འདི་ཕྱོགས་རང་དབང་ལུང་པར་གནས་པའི་བྱེས་འབྱོར་བོད་རིགས་ལ་མཚོན་ན། ང་ཚོའི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸གོང་ས་མཆོག་གི་དགོང་ལོ་བགྲེས་རུ་འགྲོ་བཞིན་ཡོད་པ་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པ་མ་ཟད། དེང་རབས་ན་གཞོན་ཚོས་དེ་སྔ་མི་ཐོག་རྒན་པ་ཚོས་བདག་གཅེས་གནང་བའི་རྗེས་ཤུལ་འཛིན་མཁན་གང་མང་ཡོད་མིན་མངོན་གསལ་རེད། གང་ལྟར་མི་རིགས་སྲུང་སྐྱོབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན། དེ་ཡང་རང་ཕ་མའི་སཀད་ཡིག་སྦྱོང་བསྡར་དང་བེད་སྤྱོད་གནང་ཨེ་ཐུབ་དགོས། མི་རིགས་གནས་དང་མི་གནས་ཀྱི་རྩ་ཐག་ལྟ་བུ་ནི་མི་རིགས་ཀྱི་སཀད་ཡིག་གནས་དང་མི་གནས་ལ་རགས་སླེབས་ཡོད་ཅེས་གསུངས། དེ་ཡང་གཙོ་བོ་རང་གི་བོད་ཕྲུག་མ་འོངས་པར་རང་གི་རིགས་གཞུང་སྲུང་སྐྱོབས་བྱེད་མཁན་ཞིག་ཆགས་འགྲོ་དང་གཏོར་བརླགས་གཏང་མཁན་ཞིག་ཆགས་མིན་ནི། ཕ་མས་བུ་ཕྲུག་མཉམ་དུ་ཉིན་རེར་བོད་སཀད་བེད་སྤྱོད་དང་སློབ་གསོ་སྐྱོངས་གཏང་ལ་བརྟེན་ནས་རགས་སླེབས་ཀྱི་ཡོད་ཅེས་གསུངས། དེ་བཞིན་ད་ལྟ་མི་ཐོག་བསམ་ཤེས་ཡོད་མཁན་ཚོས་ཐུགས་འཁུར་བཞེས་ཏེ་བོད་སྤྱི་བའི་ལས་འགུལ་ཆེ་ཕྲ་ཆུང་གསུམ་ནང་དུ་ཆ་ཤེས་སྦྱོར་ཐབས་དགོས་གལ་ཆེ། རང་དབང་མེད་སར་བོད་ནང་བོད་མི་འ་ཆད་འུ་ཐུག་གི་སྒོ་ནས་སཀད་འབོད་བྱེད་ས་མེད་པ་སོང་ཙང་རང་གི་རྩ་ཆེ་ལུས་པོ་བློས་བཏང་གིས་ཞུགས་འབུལ་མཛད་དགོས་ཆགས་ཀྱི་ཡོད། འདི་ག་རང་དབང་ལུང་པར་སཀད་འབོད་དང་ཞུ་གཏུགས་བྱེད་ས་རྒྱལ་སྤྱིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་འཚེ་མེད་ལས་འགུལ་སྤེལ་བའི་སཀབས་སུ་མི་འབོར་མཉམ་བཞུགས་གནང་མཁན་ཉུང་ཤས་མ་གཏོགས་མེད། དེར་བརྟེན་མ་འོངས་པར་ཚང་མས་དགོངས་པ་རྒྱ་ཆེ་བཞེས་དགོས་ཞེས་གསུངས། དེ་རྗེས་དྲི་བ་དྲིས་ལན་གྱི་ལས་རིམ་འོག་མཇུག་མཚམས་གནང་། མཐར་སཀུ་ངོ་མཆོག་གིས་མ་འོངས་གོ་སཀབས་འབྱུང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་འབྱུང་བ་དང་སྲིད་བྱུས་དང་། དེ་བཞིན་ས་གནས་དོན་གཅོད་ཀྱི་ལས་རིམ་བཅས་ཀྱི་ཐོག་ལའང་གཏམ་བཤད་བྱ་རྒྱུ་ཡིན་ཞེས་དམ་བཅའ་གནང་སྟེ་མཐུད་མཚམས་གནང་བར་བརྟེན། ས་གནས་མི་མང་གི་འཐུས་མི་གཙོས་མི་མང་ནས་ཐུགས་རྗེ་ཡི་རངས་ཀྱིས་གང་མགྱོགས་བསྐྱར་དུ་མཇལ་བའི་སྨོན་འདུན་གནང་།།

 འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།