ཕྱི་ལོ་ ༢༠༡༡ ཟླ ༨ ཚེས ༡༢ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕ་ཪཱན་སི་ས་ལེབ་བཤད་སྒྲུབ་ཆོས་འཁོར་གླིང་དུ་ཆིབས་སྒྱུར་གནང་གཏན་འཁེལ་བ།

ཕ་ཪཱན་སི་ས་ལེབ་ཏུ་རྟེན་གཞི་བྱས་པའི་བཤད་སྒྲུབ་ཆོས་འཁོེར་གླིང་ཆོས་ཚཽགས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་  ༢༠༡༡  ཟླ  ༨  ཚེས  ༡༢   སྔ་དྲོ་ཚོུད་  ༡༠  ཐོག་ཆོས་ཚོགས་དབུ་འབྱེད་རབ་གནས་གནང་ཆེད་ཆིབས་སྒྱུར་གནང་གཏན་འཁེལ་ཡོད།
བཤད་སྒྲུབ་ཆོས་འཁོེར་གླིང་དེ་བཞིན་རྒྱ་གར་དུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲ་ཚང་དང་ཆོས་འབྲེལ་ཡོད་པ་ཞིག་ཡིན།

བཤད་སྒྲུབ་ཆོས་འཁོེར་གླིང་དུ་ཕེབས་ཕྱོགས།

ཕ་ཪཱན་སི་ས་ལེབ་ཏུ་གནས་པའི་བཤད་སྒྲུབ་ཆོས་འཁོར་གླིང་ཆོས་ཚོགས་ནི་ཇི་ནི་ཝ་རྒྱལ་ས་ནས་སྣུམ་འཁོར་ནང་བསྐྱོད་ཚེ་སྐར་མ་  ༢༥  མཚམས་ལ་ཡོད་ཅིང་།  སྣུམ་འཁོར་ཡོད་རིགས་ནས་ཨ་ནི་མ་སི།  ཨི་ཌིམ་བི་རས།  མོ་ནི་ཌར་མོ་ནེག་གི་ས་གནས་ཕྱོགས་སུ་སྣུམ་འཁོར་གཏོང་སྟེ།  དེ་ནས་ས་ལེབ་རི་རྩེ་ཕྱོགས་སུ་འཛེག་དགོས།   
སྣུམ་འཁོར་མེད་རིགས་ནས་ཇི་ནི་མེ་འཁོར་འབབ་ཚུགས་ནས་སྤྱི་སྤྱོད་རླང་འཁོར་ཨང་ ༨ ཁ་ཕྱོགས་  Veyrier-Douane ནང་ཞུགས་ཏེ་ Veyrier-Douane རང་དུ་འབབ་དགོས།  དེ་ནས་སྐར་མ་ ༥ ཙམ་གྱི་རྐང་འགྲོས་
འགྱངས་ཚད་དུ་ཐག་འདྲེན་གློག་འཁོར་(Cable car)  འབབ་ཚུགས་ཡོད་པས་དེར་ཞུགས་ནས་ས་ལེབ་ལ་འབབ་དགོས།  དེ་ནས་བཤད་སྒྲུབ་ཆོས་འཁོར་གླིང་བར་སྐར་མ་བཅོ་ལྔ་ཙམ་རྐང་འགྲོས་འགྱངས་ཚད་ཡོད།
གོང་འཁོད་ཆོས་ཚོགས་ཀྱི་ཁ་བྱང་ནི་  Route des Trois Lacs, 74560 Monnetier Mornex, France  ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།