ཕྱི་ལོ་༢༠༡༦ ཟླ་བ་༦ ཚེས་༢༥ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་ནས།

༧ ལྷར་བཅས་སྲིད་བཞིའི་གཙུག་རྒྱན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་བྱམས་བརྩེའི་གཏེར་ཆེན་འཛམ་གླིང་ཞི་བདེའི་དེད་དཔོན། རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཏན་གྱི་མགོན་སྐྱབས་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་སྐྱབས་མགོ་ཆེན་པོ་མཆོག། སྐུའི་གསང་གསུམ་ལ་འགལ་རྐྱེན་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བཅོམ་ལྡན་འདས་ཚེ་མཐའ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་། མཁྱེན་རྩེའི་རླབས་ཆེན་མཛད་འཕྲིན་རིས་མེད་རྒྱལ་བསྟན་ཕྱོགས་བཅུའི་མཐའ་ཁྱབ་ཀུན་ཏུ་སྤེལ་ཞིང། སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུ་བདེ་སྐྱིད་ལྷག་པར་དར་བའི་གསོས་སུ་སྨིན་པའི་རྟེན་འབྱུང་དུ། སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་བའི་སླད། ས་གནས་མི་མང་ནས་ཞབས་རིམ་གསོག་སྒྲུབ་ཟབ་རྒྱས་ཞིག་གནང་སོང་། ས་གནས་ཨར་གྷའོ་འཐུན་མི་གདུགས་རྩ་ཚང་བསྟན་འཛིན་འོད་ཟེར་ནས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།