ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ཕྱག་འཚལ་བ།

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༡ རེས་གཟའ་ལྷག་པ་ཉིན་འཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་སྐུ་ཕྱག་འཚལ་ཏེ་བོད་རྒྱ་ཞི་མོལ་སྐུལ་འདེད་བྱེད་པའི་ལས་འགུལ་ཉིན་གཉིས་པ། ལས་འགུལ་ནང་མཉམ་ཞུགས་གནང་མཁན་མི་གྲངས་ ༢༠ དང་དེའི་ནང་བུ་མེད་ ༣ སྐྱེས་པ་ ༡༧ དང་། དེའི་ནང་དགུང་ལོ་ཆུང་ཤོས་དགུང་གྲངས་ ༢༣ དང་རྒན་ཤོས་དགུང་གྲངས་ ༧༠ ཡིན།  སྔ་དྲོ་ཆུ་ཚོད་ ༠༨།༠༠ ཐོག་ལས་འགུལ་བ་རྣམས་མཉམ་འཛོམས་གནང་སྟེ། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་ད་བར་སྐུ་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་གནང་རྗེས།  ལས་འགུལ་དབུ་འཛུགས་གནང་།  དུས་ཡུན་རིང་པོར་མ་རྒྱང་བར་ས་གནས་ཀྱི་གསར་འགོད་པ་ཞིག་འབྱོར་སོང་ལ་དེ་བཞིན་ནོར་བའི་བོད་སྐད་རླུང་འཕྲིན་ནས་ཀྱང་ཐུགས་སྣང་བཅར་འདྲི་གནང་འདུག ལས་འགུལ་བ་རྣམས་ཁ་སང་གནམ་གཤིས་ཚ་བ་ཆེ་བས་ཉི་འོད་ནང་ཕྱག་འཚལ་བར་བརྟེན་ལུས་པོའི་པགས་པ་འཚིག་པ་སོགས་ཅུང་ཟད་མི་བདེ་བ་ཡོད་ཀྱང་།  དཀའ་ངལ་ལ་གདོང་ལེན་དང་ལྷག་བསམ་གཡོ་མེད་ངང་ལས་འགུལ་མུ་མཐུད་གནང་བཞིན་འདུག།       སྔ་དྲོ་ཆུ་ཚོད་༨ ཡོལ་ཙམ་ཐོག་རྒྱལ་ཚོགས་ཀྱི་ཚོགས་མི་བརྒྱ་ཕྲག་རྒྱལ་ཚོགས་ནང་ཕེབས་སྐབས་དང་ཕྱི་དྲོ་ཆུ་ཚོད་ ༡༧ ཐོག་རྒྱལ་ཚོགས་གྲོལ་སྐབས་བཅས་བོད་དོན་དྲིལ་བསྒྲགས་ཡིག་ཆ་རྣམས་རྒྱལ་ཚོགས་ཚོགས་མི་ཡོངས་ལ་འབུལ་ཐུབ་པ་བྱུང་བར་ལས་འགུལ་བ་རྣམས་དགའ་འཚོར་བྱེད་ཀྱིན་འདུག  དེ་བཞིན་རྒྱ་ནག་སྐམ་ས་ཆེན་པོ་ནས་ཕེབས་པའི་རྒྱ་རིགས་ཡུལ་སྐོར་བ་རྣམས་ལའང་རྒྱ་ཡིག་ཐོག་ཕབ་པའི་བོད་དོན་དྲིལ་བསྒྲགས་འགྲེམས་སྤེལ་ཞུས་ཡོད་པར་རྣམ་འགྱུར་སྣ་ཚོགས་སྟོན་གྱིན་འདུག   ཕྱི་དྲོ་ཆུ་ཚོད་ ༡༨།༠༠ ཐོག་ཉིན་གཉིས་པའི་ལས་འགུལ་རྒྱལ་ཁའི་ངང་མཇུག་སྒྲིལ་ཞུས་ཡོད་པ་བཅས་བསྟན་འཛིན་སྙིང་པོས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།