༢༠༡༥ ཕྱི་ཟླ་ ༣ ཚེས་ ༢༡ རེས་གཟའ་སྤེན་པའི་ཕྱི་དྲོ་ཚོུད་ ༡༧ ཙམ་ནས་རིམ་འཛོམས་ཀྱིས་སྦ་སལ་དུ་ཕྱི་ནང་མི་རིགས་ཉིས་བརྒྱ་བརྒལ་བར་གསོལ་སྟོན་འདེགས་འབུལ་ཞུས་པ།

དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་  ༢  ཚེས་  ༦ ནས་ ༨  བར་སུད་སི་སྦ་སལ་གྲོང་ཁྱེར་དུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་སུད་སིར་ཞབས་སོར་བཀྲིན་ཆེ་བ་དང་བཅས་བཀའ་དབང་གསུང་ཆོས་སོགས་མཛད་འཕྲིན་གཟི་བརྗིད་ལྡན་པ་ཞིག་བྱུང་སོང་བར་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་ཆབས་ཅིག  སྐུ་མཛད་དགེ་ཞིང་མཛད་འཕྲིན་མཁའ་ཁྱབ་ཐོག  ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་ནས་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་མ་ཟད།   བོད་རིགས་མི་མང་གི་སྒྲིག་འཛུགས་ཤིག་ནས་དགེ་ཕན་ཆེ་བའི་མཛད་རིམ་འདི་ལྟ་བུ་ཞིག་དུས་ཚོད་ཐུང་ཐུང་ཞིག་གི་ནང་ཚང་མས་ཁུར་མཉམ་ལེན་དང་ནུས་པ་གཅིག་སྤུངས་དམ་གཟབ་བྱས་པ་བཅས་གཙོ་བོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པ་དང་མང་ཚོགས་མགུ་བའི་རྣམ་དཀར་སྲི་ཞུ་ཕྲན་བུའི་སྒྲུབ་ཐུབ་པ་བྱུང་བ་ནི་དགའ་སྤོབས་ཡི་རང་གི་གནས་ལགས།  སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་ད་རེས་ཕྱི་ནང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གསོལ་སྟོན་སྟབས་བདེ་ཞིག་གོ་སྒྲིག་ཞུས་ཡོད།  ཐེངས་འདིར་མི་གྲངས་ ༢༠༠ བརྒལ་བ་ཕེབས་འཛོམས་བྱུང་འདུག་པ་དང་།  ཐོག་མར་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་དང་།  ཚོགས་གཞོན་བསམ་པ་དོན་གྲུབ་ལགས་རྣམ་གཉིས་ནས་གུས་བཏུད་འཚམས་ཞུ་དང་སྦྲགས་ཐེངས་འདིའི་མཛད་རིམ་ཕྱི་ནང་བར་གསུམ་ཚང་མར་དགའ་སྤོབས་སྐྱེད་པ་བྱུང་སོང་།  དེ་དག་ཐམས་ཅད་འགན་ཡོད་ཚང་མས་ཐུགས་འཁུར་ཆེ་བཞེས་གནང་བ་ཞིག་ཡིན་སྟབས་ཐུགས་རྗེ་ཆེ་ཞེས་ཞུས་སོང་ལ།  གསོལ་ཚིགས་ཧ་ཅང་གྲ་རྒྱས་གོ་སྒྲིག་གནང་འདུག་པ་མ་ཟད།  མཇུག་བསྡོམས་ཚང་མར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དཀར་གཙང་རེ་དང་།  སྐབས་དེའི་འབྲེལ་ཡོད་སྐུ་པར་ཡོད་པའི་(Memory Card) རེ་ཕུལ་ནས་ཚང་མར་ཐུགས་རྗེ་ཆེ་སོགས་ཞུས་ནས་ཞབས་གཞས་གནང་ནས་ཚང་མ་དགྱེས་འཚོར་ངང་གནས་འདུག  དམིགས་བསལ་ཕྱི་རྒྱལ་མི་རིགས་མང་དག་ཞིག་མཉམ་ཞུགས་དང་ཧ་ཅང་དགའ་སྣང་ཆེན་པོ་གནང་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་རྒྱས།

དྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།