ཕོལ་ཁེདསི་ཝིལ་ཚོགས་ཆུང་གིས་བོད་ཀྱི་རྩ་དོན་ཆེད་ཆོས་ཕྱོགས་ཀྱི་ལས་འགུལ།

ཕྱི་ལོ་༢༠༡༢ ཕྱི་ཟླ་༡༡ ཚེས་༡༦ རེ་གཟའ་སྤ་སངས་ཉིན་སུད་སི་ཕོལ་ཁེདསི་ཝིལ་ཚོགས་ཆུང་གིས་གོ་སྒྲིག་འོག་དགོང་དྲོ་ཚོུད་༧།༣༠ནས་༩།༣༠་བར་བོད་ནང་གི་ཛ་དྲག་གནས་བབས་ལ་གདུང་སེམས་མཉམ་སྐྱེད་དང། བོད་ཀྱི་རྩ་དོན་ཆེད་རང་གི་རྩ་ཆེའི་ལུས་སྲོག་ཕུལ་བའི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་ཆོད་སེམས་དང་སྙིང་སྟོབས་ལ་ཚོར་སྣང་ཆེན་པོས་ཡི་རང་དང་བཅས་བསྔོ་སྨོན་མཆོད་འབུལ་དང་འབྲེལ་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ནང་ཆོས་ལས་རྒྱུ་འབྲས་སྐོར་འགྲེལ་བཤད་གནང་བ་བཅས་ཆོས་ཕྱོག་ཀྱི་ལས་དོན་ལེགས་གྲུབ་བྱུང་བའི་གནས་བསྡུས་ས་འཐུས་ཤ་བ་ཚེ་རིང་དོན་གྲུབ་ཀྱི་སྤེལ་།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།