ཕོལ་ཁེཊསི་ཝིལ་ཚོགས་ཆུང་ལོ་སར་ལྷན་ཚོཊ་ལ།ཞལ་འདོན་མཆོད་འབུལ།   ནང་ཆོས་དང་དྲིས་ལན། གུ་རུ་འབུམ་ཚོགས་དགོས་དམིགས་གསལ་བཤད།

  ཕྱི་ལོ་  ༢༠༡༤  ཟླ་  ༣  ཚེས་  ༨  ཉིན།

ཚོགས་ཆུང་གིས་བོད་རྒྱལ་ལོ་  ༢༡༤༡  རབ་གནས་ཤིང་རྟ་ལོ་གསར་ལྷན་ཚོགས་དང་བསྟུན།  བོད་མིའི་ཆེས་ཛ་དྲགས་གནས་བབས་ལ་གདུང་སེམས་མཉམ་སྐྱེད་གསོལ་འདེབས་སྨོན་ལམ་དང་། སྐུ་མགྲོན་དུ་རི་དགོན་མཁན་རིན་པོ་ཆེ། ཚོགས་ཆུང་གི་བོད་སློབ་རྒན་ལཊ་དགེ་བཤེས་བྱམས་པ་རབ་བརྟན་བཅས་གདན་ཞུས་ཀྱིས་མཁན་རིན་པོ་ཆེ་མཆོགིས་གཞོན་སྐྱེ་གང་མང་དང་མང་ཚོགས་ལ་ནང་ཆོས་དང་འབྲེལ་ནས་ཡི ད་ཆེས་དང་རེ་བ་བཟོད་བསྲན་བཅས་མི་ཚེའི་ནང་གལ་འགངས་ཆེན་པོ་ཡིན་པའི་སྐོར་དང་ནང་ཆོས་དྲིས་ལན། བསྟན་སྲིད་དང་རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་མ་ཧཱ་གུ་རུའི་འབུམ་ཚོགས་ཀྱི་དགོས་དམིགས་གསལ་བཤད་དང་འབྲེལ་མི་མང་གིས་དད་བརྟན་ཡིད་ཆེས་གཙང་མའི་སྒོ་ནས་བསམ་དངོས་གཉིས་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་བ་དང་། ཚོགས་མི་རྣམས་ཚུལ་མཐུན་བག་ཕེབས་ངང་འབྲེལ་མོལ་དང་ལྷོད་བཞུགས་ཀྱིས་འདུས་འཛོམས་དོན་ཕན་ལྡན་པ་བྱུང་བའི་གནས་བསྡུས་སུ།   ཚོགས་འཐུས་ཤ་བ་ཚེ་རིང་དོན་གྲུབ་ཀྱིས་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།